རང་རྒྱལ་གྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱ་བའི་འགོ་ཡག་པོ་བརྩམས། 

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ད་ལོ་ནི་རང་རྒྱལ་གྱིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྤེལ་བའི་ལོ་དང་པོ་ཡིན། མིག་སྔར་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་དང་ཐོན་ལས་ལས་ཞུགས་ཀྱི་རོགས་སྐྱོར་ཚུད་པའི་སྲིད་ཇུས་མ་ལག་གཞི་རྩའི་ཆ་ནས་བཙུགས་ཚར་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་་གནས་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་པོར་བསྲུངས།

ད་ལོར། རང་རྒྱལ་གྱི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་རྐྱེན་སྲོལ་ནུས་ལྡན་ངང་འཁོར་སྐྱོད་བྱུང་སྟེ། དུས་ཐོག་ཏུ་དབུལ་ལོག་དབུལ་འགྱུར་བྱུང་མཁན་དབྱེ་འབྱེད་བྱས་པ་དང་། སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཐེ་གཏོགས། སྔ་ཙམ་རོགས་སྐྱོར་བཅས་ཀྱི་བྱ་བ་སྔར་ལས་ལེགས་པར་བསྒྲུབས། ཅང་ཞི་ཞིང་ཆེན་གྱིས་གཞི་གྲངས་དབྱིབས་བཟོ་དང་རྩི་ཐབས་ཀྱི་ལག་རྩལ་ལ་བརྟེན་ནས། དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་མ་ལག་རིམ་སྤར་བྱས། ལས་རིགས་སྡེ་ཁག13དང་དངུལ་ཁང12ཀྱིས་ཕན་ཚུན་གཞི་གྲངས་མཉམ་སྤྱོད་བྱས་ཏེ། དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁ་ཡོད་མཁན་གནད་ཁེལ་དབྱེ་འབྱེད་བྱས་པ་དང་། དུད་ཚང་རེ་རེར་ཐབས་ཇུས་རེ་བཏོན་ནས་དུས་ཐོག་ཏུ་ཉེན་ཁ་མེད་པར་བཟོས། ཐོན་ལས་རོགས་སྐྱོར་རྒྱུན་མཐུད་ངང་གཏིང་ཇེ་ཟབ་ཏུ་སྤེལ་ཏེ། ཧུའུ་ནན་མཱ་དབྱང་ལུང་ཧྲེང་སྡེ་ཁུལ་ནི་ཧུའུ་ནན་ཞིང་ཆེན་ཡོངས་ཀྱི་ཡུལ་གཞན་གནས་སྤོའི་བཀོད་སྒྲིག་ཁུལ་ཆེ་གྲས་བཞི་པ་ཡིན་པའི་ཆ་ནས། བཀོད་སྒྲིག་ཁུལ་དང་ཐོན་ལས་གསར་སྤེལ་ཁུལ་བར་ཁུལ་གཉིས་མཉམ་འཛུགས་ཀྱི་རྣམ་པ་གསར་གཏོད་བྱ་བར་འཚོལ་ཞིབ་བྱས་པ་དང་། སྒམ་ཁུག་དང་གྱོན་ཆས། གློག་རྡུལ་ལྷུ་ལག་སོགས་ངལ་རྩོལ་མང་འདུས་ཅན་གྱི་ཐོན་ལས་ཕྱོགས་ངེས་གསོ་སྐྱོང་བྱས་ནས། མིག་སྔའི་བར། མཐའ་འཁོར་གྱི་ཐོན་ལས་གླིང་ཁུལ་དུ་ཁེ་ལས67བཅའ་སྡོད་བྱས་ནས། སྡེ་ཁུལ་གྱི་གནས་སྤོས་མང་ཚོགས་མི1809ལ་ཁྱིམ་གྱི་སྒོ་ཁར་ཞོར་ལས་རྙེད་པར་སྐུལ་ཁྲིད་བྱས།

ཧུའུ་ནན་ཞིང་ཆེན་ཧོའེ་ཧྭ་གྲོང་ཁྱེར་མཱ་དབྱང་མིའོ་རིགས་རང་སྐྱོང་རྫོང་ལུང་ཧྲེང་སྡེ་ཁུལ་གྱི་སྡོད་དམངས་ཙེང་ལིན་ཀང་གིས་བཤད་རྒྱུར། སྔོན་ཆད་གནས་སྤོས་རྗེས་ལས་ཀ་ལས་རྒྱུ་མེད་པ་དང་ཡོང་འབབ་བརྟན་པོ་མེད་པར་སེམས་ཁྲལ་བྱས། ད་ལྟ་གླིང་ཁུལ་གྱི་ཁེ་ལས་རང་གི་སྒོ་ཁར་ཡོད་པས། འཚོ་བ་ཇེ་དགའ་ཇེ་སྐྱིད་རེད།

ད་ལོར། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་བདུན་ཐེར་འབུམ་བདུན་བཀོད་སྒྲིག་བྱས་ནས། ཐོན་ལས་ལས་ཞུགས་རོགས་སྐྱོར་དང་འཕེལ་རྒྱས་ཞན་པའི་ས་ཁུལ་ལ་འཕེལ་རྒྱས་ཆ་རྐྱེན་ལེགས་སྒྱུར་གཏོང་རྒྱུར་གཙོ་བོར་བཟུང་ནས་རྒྱབ་སྐྱོར་བྱས། མིག་སྔར། དབུལ་ཐར་མི་སྣའི་ལས་ཞུགས་གཞི་ཁྱོན་མི་བྱེ་བ་གསུམ་ས་ཡ་གཉིས་ལས་བརྒལ་ཞིང་། དབུལ་ཐར་རྫོང་གི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་འཕར་ཚད་མུ་མཐུད་དུ་རྒྱལ་ཡོངས་ཞིང་སྡེ་གཞན་པའི་ཆ་སྙོམས་ཆུ་ཚད་ལས་མཐོ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།