“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་རང་རྒྱལ་གྱི་སྐྱེ་ཁམས་སྤུས་ཚད་བརྟན་རླིང་ངང་ལེགས་བཅོས་བྱུང་བ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

“ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་སྔོན《སྐྱེ་ཁམས་སྲུང་སྐྱོང་གི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད》དངོས་སུ་བཏོན་པ་རེད། འཆར་འགོད་གཞིར་བཟུང་། 2030ལོར་བསླེབས་སྐབས་རང་རྒྱལ་གྱི་སྐྱེ་ཁམས་བར་མཐོངས་ཀྱི་ཆགས་སྟངས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། སྐྱེ་ཁམས་སྤུས་ཚད་བརྟན་རླིང་ངང་ཇེ་ལེགས་སུ་ཕྱིན་ཡོད།

“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མ་ལག་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། “བྱང་གསུམ”ལས་གྲྭའི་ཁུལ་གྱི་ལྗང་མདོག་སྲུང་ཡོལ་གཙོ་གནད་དུ་བསྐྲུན་པ། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལྟ་སྐུལ་དོ་དམ་གྱི་གཙོ་གནད་ས་ཁོངས80ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་རེད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་དེ་ཁྱབ་ཁོངས་ཡོངས་སུ་ཁྱབ་པ་དང་། རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་སྐྱེ་དངོས་རིགས་དང་དེའི་འཚོ་གནས་ཁུལ་སྲུང་སྐྱོང་སླར་གསོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཆུ་སྐྱེས་སྐྱེ་དངོས་ཀྱི་རྐྱལ་ལམ་ཤར་གཏོང་བྱ་རྒྱུ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤང་ལྗོངས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེ་ཁམས་འཚོ་སྡོད་ལ་འཚམ་པའི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་རྒྱུ་རེད།

2030ལོར་བསླེབས་སྐབས་རང་རྒྱལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐམ་སའི་རྒྱ་ཁྱོན་གྱིས་བཟུང་བའི་བསྡུར་ཚད18%ལས་མི་ཉུང་བ་དང་། ས་ཆུ་སྲུང་འཛིན་བྱེད་ཚད་74%ཡན་ཟིན་པ། ནགས་ཚལ་ཁེབས་ཚད25.8%ཟིན་པར་བྱ་རྒྱུ་རེད། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བྱེད་ནུས་ཤོར་བའི་འཕེལ་ཕྱོགས་ནུས་ལྡན་ངང་ཞི་ལྷོད་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་ནུས་ལྡན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།