ད་ལོའི་ཟླ7པར་རྒྱལ་ཡོངས་སུ་དྲ་རྒྱའི་ཐེར་འདོན་ཁྲི1778.5དང་ལེན་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་ཐེར་འདོན་ལྟེ་གནས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། 2026ལོའི་ཟླ7པར། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་ཐེར་འདོན་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་དྲ་འཕྲིན་ཐེར་འདོན་ལས་དོན་སྡེ་ཁག་དང་གཙོ་གནད་དྲ་ཚིགས་སྟེགས་བུ་རྣམས་ལ་མཛུབ་སྟོན་བྱས་ཏེ། དྲ་དམངས་རྣམས་ཀྱིས་འཁྲིག་སྤྱོད་དང་རྒྱན་འཛུགས། ཁེ་དབང་གནོད་སྐྱོན། དཀྲོག་གཏམ་སོགས་ཁྲིམས་འགལ་གྱི་གནས་ཚུལ་ངན་པ་ཐེར་འདོན་བྱས་པ་བསྡོམས་པས་ཁྲི1778.5དང་ལེན་བྱས་པ་དང་། ཟླ་རེར་བསྡུར་ན0.5%མར་ཆག་པ་དང་། དུས་མཉམ་ལས5.1%མར་ཆག་ཡོད།

དེའི་ནང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་ཐེར་འདོན་ཁྲི74.1དང་ལེན་བྱས་པ་དང་། ས་གནས་སོ་སོའི་དྲ་འཕྲིན་ཐེར་འདོན་ལས་དོན་སྡེ་ཁག་གིས་གྱོད་དོན་ཁྲི57.7དང་ལེན་བྱས། རྒྱལ་ཡོངས་ཀྱི་དྲ་ཚིགས་སྟེགས་བུ་གཙོ་བོ་རྣམས་ཀྱིས་ཐེར་འདོན་ཁྲི1646.7དང་ལེན་བྱས།

ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་ཐེར་འདོན་ལྟེ་གནས་ཀྱིས་བསྟན་དོན། ད་ལྟ་རྒྱལ་ཡོངས་ཀྱི་དྲ་ཚིགས་སྟེགས་བུ་གཙོ་བོ་ཚང་མས་ཐེར་འདོན་བྱེད་སའི་ལམ་བུ་རྒྱུན་ཆད་མེད་པར་ཤར་གཏོང་བྱེད་པ་དང་། དྲ་དམངས་ཀྱི་ཐེར་འདོན་ཧུར་ཐག་གིས་ཐག་གཅོད་བྱེད་བཞིན་ཡོད། རྒྱ་ཆེའི་དྲ་དམངས་ཡོངས་དྲ་ཐོག་བཅོས་སྐྱོང་ཕྱོགས་བསྡུས་ཁྲོད་མཉམ་དུ་ཞུགས་ཏེ། དྭངས་གཙང་ལྡན་པའི་དྲ་བའི་ཁོར་ཡུག་མཉམ་དུ་སྲུང་སྐྱོང་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།