མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཟབ་སྤེལ་ཆེད་དོན་འཐབ་རྩོད་ཀྱི་ནག་ཚོགས་ཐེར་འདོན་ཁུངས་སྣེ་ཡོངས་བསྒྲགས་འཚོལ་སྡུད་སྐོར་གྱི་བརྡ་ཁྱབ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཏང་ཀྲུང་དབྱང་གི་ནག་འཇོམས་ངན་སེལ་ཟབ་སྤེལ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ནག་ཚོགས་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བྱས་ཏེ། ངེས་པ་དོན་གྱིས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ལ་སྲུང་སྐྱོང་བྱས་ཏེ། སྤྱི་ཚོགས་ལ་ཁ་ཕྱོགས་ནས་ནག་ཚོགས་ཀྱི་ཁུངས་སྣེ་འཚོལ་སྡུད་བྱ་རྒྱུ་ཡིན། རྒྱ་ཆེའི་མང་ཚོགས་ཀྱིས་ཐེར་འདོན་བྱེད་པར་དགའ་བསུ་ཞུ།

དང་པོ། ཁུངས་སྣེ་འཚོལ་སྡུད་ཀྱི་ཁྱབ་ཁོངས།

གཅིག ཁྱིམ་རྒྱུད་དང་རུས་རྒྱུད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་གྱི་སྲིད་དབང་ཧམ་བཟུང་དང་འདེམས་བསྐོ་ལ་གཏོར་བརླག་བཟོ་བ། ཐུན་མོང་གི་རྒྱུ་ནོར་ཧམ་བཟུང་བྱེད་པ། མང་ཚོགས་ལ་བརྙས་བཅོས་དང་གནོད་འཚེ་གཏོང་བའི“སྡེ་བའི་གཏེ་བོ”དང“ཡུལ་ཚོའི་གཏེ་བོ” ཐོན་ཁུངས་སྒེར་སྡེམ་དང་བཟོ་སྐྲུན་བཙན་ལེན། དམིགས་ངན་བཅངས་ཏེ་འཇོན་འགུགས་བྱེད་པ། གང་འདོད་དུ་རྐོ་འདོན་བྱེད་པའི“ཟེགས་ས་དང་གཏེར་ཁ་བཙན་བཟུང་མཁན”། སྒེར་སྡེམ་ལས་གཉེར་དང་ཚོང་བར་བརྙས་བཅོས་བྱེད་པ། བཙན་ཉོ་བཙན་ཚོང་། བསྙད་རྐོ་ཟིང་སློང་། སྲུང་གླ་ལེན་པ། བཟོ་སྐྲུན་ལ་གཏོར་བརླག་གཏོང་བའི“སྲང་ལམ་བཙན་བཟུང་མཁན”དང“ཚོང་ར་བཙན་བཟུང་མཁན”སོགས་ནག་ཚོགས་དང་འབྲེལ་བའི་ཉེས་གསོག་བཅས་འདུས། 

གཉིས། དུག་རྫས་བཟོ་འཚོང་བྱེད་པ་དང་། རྒྱན་ར་འཛུགས་གཉེར་བྱེད་པ། སྨད་འཚོང་རྩ་འཛུགས་སོགས་འཆལ་རྒྱན་དུག་གསུམ་མཉམ་འབྲེལ་གྱི་ཉེས་གསོག་ཚོགས་པ་དང་རྒྱལ་ཁབ་ཕྱི་ནང་གི་ནག་ཚོགས་སྟོབས་ཤུགས་ངན་འབྲེལ་གྱིས་བྱས་ཉེས་བསགས་པ།

གསུམ། ནར་མ་སོན་པའི་མི་ཚོད་འཛིན་ངན་སྐུལ་བྱས་ནས་ཁྲིམས་འགལ་ཉེས་བསགས་བྱེད་པ་དང་ནར་མ་སོན་པའི་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ནག་གཤེད་སྤྱོད་ངན་ཚོགས་པ།

བཞི། དྲ་རྒྱའི་སྟེགས་བུ་དང“འཇམ་པོའི་གཏུམ་སྤྱོད”ཀྱི་བྱེད་ཐབས་སྤྱད་དེ་རྩ་འཛུགས་ཡོད་པའི་སྒོ་ནས་བསྙད་འདོགས་རྒྱུ་འཕྲོག་དང་། ཁྲིམས་འགལ་གྱིས་དངུལ་བུན་གཏོང་བ། ཁྲིམས་འགལ་གྱིས་བསྡུ་སྐུལ་གཏོང་བ། གླེང་ཕྱོགས་ཀྱིས་བསྙད་འདོགས་རྒྱུ་ལེན། ངན་སེམས་ཀྱིས་གྱོང་གསབ་ལེན་པ། བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པ། ངལ་ནུས་བསྙད་འདོགས། འདོད་སྲེད་ཀྱི་བསྙད་འདོགས་རྒྱུ་འཕྲོག་སོགས་ནག་གཤེད་སྤྱོད་ངན་དང་འབྲེལ་བའི་ཉེས་གསོག་དང་ཉེས་གསོག་ལག་བསྟར་བྱེད་པ།

ལྔ། རྗེས་འདེད་ཟིང་ཆ་སློང་བ་དང་། འཇིགས་སྐུལ་བྱེད་པ། བསྙོན་དཀྲིས་བཙན་ལེན་སོགས“འཇམ་པོའི་གཏུམ་སྤྱོད”ཀྱིས་ནག་གཤེད་སྤྱོད་ངན་དང་འབྲེལ་བ་ཡོད་པའི་ཉེས་གསོག 

དྲུག ནག་གཤེད་སྤྱོད་ངན་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་གཞན་དག་བཅས་ཡིན།

གཉིས། ཁུངས་སྣེ་ཡར་ཞུ་བྱེད་ཐབས།

གཅིག རྒྱལ་ཡོངས་གཅིག་གྱུར་དྲ་ལམ་ཐེར་འདོན་སྟེགས་བུ།

དྲ་ལམ་ནས་རྒྱལ་ཡོངས་ནག་འཇོམས་གཞུང་སྒྲུབ་ཁང་གི“12337”རིག་ནུས་ཐེར་འདོན་སྟེགས་བུ་འཚོལ་བཤེར་བྱེད་པའམ་ཡང་ན“ཀྲུང་གོའི་ཁྲང་ཨན་དྲ་བ”དང“ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁྲང་ཨན་ཅན”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་སོགས་སྦྲེལ་མཐུད་ཐོ་འཇུག་ཐེར་འདོན་སྟེགས་བུར་འཇུག་དགོས།

གཉིས། མཚོ་སྔོན་ཞིང་ཆེན་ནག་འཇོམས་གཞུང་སྒྲུབ་ཁང་།

1. ཐེར་འདོན་ཁ་པར། 0971-8274110

2. ཐེར་འདོན་ཡིག་ཟམ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེརA160ཡིག་སྒམ།

གསུམ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནག་འཇོམས་གཞུང་སྒྲུབ་ཁང་།

1. ཐེར་འདོན་གོང་ཞུའི་ཁ་པར། 0971-3520404

2. ཐེར་འདོན་གོང་ཞུའི་ཡིག་ཟམ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་དབུས་ཆུས་གྲོང་གསར་ལམ་ཆེན་དང་ཧྭ་ཧྲེང་ལམ་ལམ་མདོའི་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནག་འཇོམས་གཞུང་སྒྲུབ་ཁང་།

བཞི། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནག་འཇོམས་གཞུང་སྒྲུབ་ཁང་།

1. ཐེར་འདོན་གོང་ཞུའི་ཁ་པར། 0971-12309

2. ཐེར་འདོན་གོང་ཞུའི་ཡིག་ཟམ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ལྔ་བཞིའི་ཁྲོམ་གཞུང་ཨང17པ།

ལྔ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནག་འཇོམས་གཞུང་སྒྲུབ་ཁང་།

1. ཐེར་འདོན་གོང་ཞུའི་ཁ་པར། 0971-6165213

2. ཐེར་འདོན་གོང་ཞུའི་ཡིག་ཟམ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཚྭ་འདམ་གཞོང་ལམ་ཨང159པ།

དྲུག མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནག་འཇོམས་གཞུང་སྒྲུབ་ཁང་།

1. ཐེར་འདོན་གོང་ཞུའི་ཁ་པར། 0971-12388

2. ཐེར་འདོན་གོང་ཞུའི་ཡིག་ཟམ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་དབུས་ཆུས་བདུན་གཅིག་ལམ་ཨང348པ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཡིག་སྐུར་ངོ་གཏུག་ཁང་།

གོང་གི་ཐབས་ལམ་བརྒྱུད་ནས་ཐོབ་པའི་ཁུངས་སྣེར་དམིགས་ཏེ། ཞིང་ཆེན་ནག་འཇོམས་གཞུང་སྒྲུབ་ཁང་གིས་ནུས་ཤུགས་ཡོད་རྒུས་ལས་སྒྲུབ་བརྒྱུད་སྤྲོད་དང་། ལྟ་སྐུལ། ཞིབ་བཤེར། ལྡོག་སྐྱེལ་སོགས་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ཡིན་ལ། དགོས་ངེས་ཀྱི་དུས་སུ་རིམ་སྤར་འཐེན་བཤེར་བསྐྱར་ཞིབ་བྱ་བ་འགོ་བརྩམས་ཏེ། རྩད་གཅོད་གཏིང་ཟབ་དང་ཐག་ཆོད་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཆབས་ཅིག་ཏུ། ཁུངས་སྣེ་གསང་སྲུང་དང་མི་ལུས་སྲུང་སྐྱོབ་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱ་རྒྱུ་ཡིན། ཁུངས་སྣེ་གལ་ཆེན་མཁོ་འདོན་དང་གྱོད་གཞི་རྩད་གཅོད་བྱེད་རོགས་བྱེད་མཁན་གྱི་ལས་ཁུངས་དང་མི་སྒེར་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་བྱ་དགའ་སྤྲོད་རྒྱུ་ཡིན།

མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་།

2026ལོའི་ཟླ8པའི་ཚེས6ཉིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།