ཝུའུ་ཞའོ་ཅུན་གྱིས་མཚོ་ནུབ་ཁུལ་དང་ཡུས་ཧྲུའུ་ཁུལ་དུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས7ཉིན་ནས་ཚེས8ཉིན་བར།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རྟོག་ཞིབ་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་འཁུར་བ། སྐྱེ་ཁམས་སྔོན་ལ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ།  ཐོན་ལས་འཕེལ་རྒྱས་རྒྱུན་ཆད་མེད་པར་གསར་པ་དང་ལྗང་མདོག་གི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས།

ཝུའུ་ཞའོ་ཅུན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཡོད་པའི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སོགས་སུ་སོང་ནས་སྲུང་སྐྱོབ་ས་ཚིགས་ཀྱི་ལས་བྱེད་མི་སྣ་དང་མི་དམངས་ཉེན་རྟོག་པ། ཁོར་སྲུང་མི་སྣ་བཅས་ལ་འཚམས་འདྲི་བྱས་ནས་ཚང་མའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།   ཁོས་བཤད་རྒྱུར།   རྒྱས་བཟང་བསོད་ནམས་དར་རྒྱས་འཐུས་ཚབ་ཡིན་པའི་མི་རབས་རེ་རེའི་སྐྱེ་ཁམས་སྲུང་སྐྱོབ་མཁན་རྣམས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་པས།  ཨ་ཆེན་གངས་རྒྱབ་ཀྱི་བརྟན་སྲུང་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། བློ་བརྟན་འགྱུར་མེད་ངང་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་བཞིན་པའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།  ཁོས་རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་འཛིན་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་དམིགས་ཏེ། རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། མདོ་དབུས་མཐོ་སྒང་གི་དྲོད་གཤེར་ཅན་དང་ལྗང་འགྱུར་ཅན་གྱི་འཕེལ་ཕྱོགས་སོགས་ཞིབ་འཇུག་བྱ་གཞི་གལ་ཆེན་གཏིང་ཟབ་ཏུ་སྤེལ་བ། ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྒྱུན་ཆད་མེད་པར་མཉམ་བཅོས་མཉམ་སྡོམ་མཉམ་ཤུགས་གྲུབ་པར་བྱེད་པ་བཅས་བྱས་ནས་ཀྲུང་ཧྭའི་ཆུ་མཛོད་སྔར་ལས་ཇེ་ལེགས་དང་བརྟན་པོ་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

དཔལ་ལྷ་སྟག་རྩེའི་རྒྱལ་སྤྱིའི་རི་འགོ་གྲོང་རྡལ་དང་།  ཁུ་ལུའུ་ཁུ་མཚེའུ་དང་ཐའོ་སུའུ་མཚེའུ་ཡི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།  མཚོ་སྔོན་ཙུང་ཧིན་ཕྱུགས་ལས་ཀྱི་མུའུ་ཁྲི་ཡི་སྣུམ་ཚལ་འདེབས་འཛུགས་རྟེན་གཞི་བཅས་སུ་ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གནས་ཚུལ་ལ་བལྟས་ཤིང་ཉན་ཏེ། ཚན་རིག་དང་མཐུན་ཞིང་གོ་རིམ་ཡོད་པའི་སྒོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་གཉེར་སྐྱོང་བཅོས་བསྒྱུར་ཚོད་ལྟའི་ལས་དོན་སྤེལ་བ་དང་།  སྲུང་སྐྱོབ་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། འཆར་འགོད་གཅིག་འདོམས་ལ་དོ་སྣང་བྱེད་པ།   ཡུལ་སྐོར་ཐོན་ཁུངས་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཡུལ་སྐོར་དང་གློག་བརྙན་བརྙན་འཕྲིན་ཡུལ་སྐོར། ལུས་རྩལ་ཡུལ་སྐོར། ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་སོགས་ལས་རྣམ་མཁོ་སྤྲོད་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཡུལ་སྐོར་མཉམ་འབྲེལ་གྱི་ལས་དོན་ལེགས་པོར་གཉེར་བ། སྔར་ལས་མང་པོའི་ཞིང་འབྲེལ་ཞིང་ཁྲིད་ཞིང་ཕྱུག་གི་ཐབས་ལམ་རྒྱ་བསྐྱེད་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

མཚོ་ནུབ་ཁུལ་ལ་འོད་རྟེན་དང་ཚ་ནུས། རླུང་གློག   ནུས་གསོག་སོགས་དག་གཙང་ནུས་ཁུངས་སྒྲིག་ཆས་སྒྲིག་བཟོའི་ཐད་བག་ཤུགས་ཆེན་པོ་ཡོད། ཝུའུ་ཞའོ་ཅུན་ལྷོ་རིའི་ཆུ་འཐེན་ནུས་གསོག་གློག་འདོན་ས་ཚིགས་འཛུགས་སྐྲུན་ཡུལ་དངོས་སུ་སོང་ནས་ཨར་ལས་འཕེལ་རིམ་ལ་ལྟ་ཞིབ་དང་བཟོ་སྐྲུན་གྱི་དཀའ་གནད་དྲིས་པ་དང་།   ཐོག་མཐའ་བར་གསུམ་དུ་བཟོ་སྐྲུན་གྱི་བདེ་འཇགས་གཙོར་བཟུང་ནས། བཟོ་སྐྲུན་བདེ་འཇགས་ཀྱི་འགག་སྒོ་དམ་པོར་སྲུང་བ་དང་ཚད་གཞི་མཐོ་བའི་སྤུས་ཚད་ལ་དོ་དམ་ཚོད་འཛིན་ནན་མོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་བདེ་འཇགས་སྤུས་ལེགས་ཀྱི་ཕུལ་བྱུང་བཟོ་སྐྲུན་འཛུགས་སྐྲུན་བཅས་བྱས་ཏེ། དག་གཙང་ནུས་ཁུངས་ཕྱིར་སྐྱེལ་རྟེན་གཞིའི་འཛུགས་སྐྲུན་ཐད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གྱིས་བསྟན།    མཚོ་སྔོན་མེན་དབྱང་ནུས་ཁུངས་གསར་པའི་ཚད་ཡོད་ཀུང་ཟི་རུ་ཝུའུ་ཞའོ་ཅུན་འཁོར་ཁང་དུ་སོང་ནས་རླུང་འཕྲུལ་གཙོ་བོའི་ཐོན་སྐྱེད་སྒྲུབ་རིམ་ལ་ལྟ་ཞིབ་བྱས་པ་དང་།   ས་གནས་ཀྱི་རླུང་གློག་སྒྲིག་ཆས་སྒྲིག་བཟོ་ཐོན་ལས་མུ་ཕྲེང་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ།   རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་ལས་འགན་གལ་ཆེན་ལ་རྐང་བཙུགས་ནས། དག་གཙང་ནུས་ཁུངས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་སྟོབས་ཆེར་གཏོང་བ་དང་།     མུ་ཕྲེང་གཙོ་བོའི་ཁེ་ལས་ཀྱི་བྱེད་ནུས་འདོན་སྤེལ་བྱེད་པ། རྒྱུན་ཆད་མེད་པར་མུ་ཕྲེང་སྣུར་སྲིང་དང་མུ་ཕྲེང་གསབ་པ། མུ་ཕྲེང་སྟོབས་ཆེར་གཏོང་བ་བཅས་བྱས་ནས་མཐའ་འཁོར་གྱི་ནུས་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་གྱི་ཁྲོམ་ར་རྒྱ་བསྐྱེད་དགོས། དག་གཙང་ནུས་ཁུངས་ཀྱི་བཀོད་སྒྲིག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པ་དང་། ལྗང་གློག་ཐད་སྦྲེལ་གྱི་སྐུལ་འདེད་ཤུགས་ཚད་ཆེ་རུ་གཏོང་བ། དག་གཙང་ནུས་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། རྒྱུན་ཆད་མེད་པར་ཁེ་ལས་ལྗང་མདོག་ནུས་བཀོལ་དགོས་མཁོ་སྐོང་དགོས།  དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་པ་དང་ཚོང་འགུག་དངུལ་འདྲེན་གྱི་ཤུགས་ཚད་ཆེ་རུ་གཏོང་བ། ལས་གཞི་གལ་ཆེན་གྱི་བདག་རྐྱེན་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ལས་གཞིར་སྔ་མོ་ནས་མ་དངུལ་གཏོང་བ་དང་སྔ་མོ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མཚོ་ནུབ་ཀྱི་བྱས་རྗེས་མང་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་གྱི་འགོ་ཁྲིད་ཁྲུན་ཅི་ཝེ་རྟོག་ཞིབ་ཁྲོད་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།