ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཚེས4ཉིན2026ལོའི་ལོ་སྟོད་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པར་ལྟ་སྐུལ་དོ་དམ་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་ཡོད། བརྡ་ཁྱབ་ལྟར་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པར་གྱོད་དོན་ཐོ་འགོད་བྱས་པའི་མི1685ཡོད་པ་དང་། ཆད་གཅོད་བྱས་པའི་མི་གྲངས1535ཡོད།
བརྡ་ཁྱབ་ལྟར་ན། 2026ལོའི་ལོ་སྟོད་དུ། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཁྱོན་བསྡོམས་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པའི་གནད་དོན་ཁུངས་སྣེ་འམ་ཡང་ན་བསམ་འཆར་ཁྲི1.55ལྷག་འབྱོར་བ་དང་ལེན་བྱས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པའི་གནད་དོན་ཁུངས་སྣེ་ཁྲི1.42ལྷག་ཙམ་ཐག་གཅོད་བྱས། སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པ་མི་ཐེངས4385ལ་སྐད་ཆ་འདྲི་རྩད་དང་ཡི་གེ་བསྐུར་ནས་བརྡ་ལན་སྤྲད། སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པར་གྱོད་དོན་ཐོ་འགོད་བྱས་པ་མི1685ཡོད་ཅིང་། མི1535ལ་ཆད་གཅོད་བྱས། མི138སྲིད་ཁྲིམས་ལས་ཁུངས་སུ་སྐྱེལ་སྤྲོད་བྱས། དེའི་ནང་ཐིང་རིམ་པ་ཡན་གྱི་ལས་བྱེད་པ59དང་། རྫོང་རིམ་པའི་ལས་བྱེད་པ356ལ་ཆད་པ་བཅད་ཡོད།
བརྡ་ཁྱབ་ལྟར་ན། 2026ལོའི་ལོ་སྟོད་དུ། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས"རྣམ་པ་བཞི"སྤྱད་དེ་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པར་སྐྱོན་བརྗོད་སློབ་གསོ་བཏང་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པ5999ལ་ཆད་གཅོད་བྱས། དེ་ཁྲོད་རྣམ་པ་དང་པོ་སྤྱད་དེ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཆད་གཅོད་བྱས་པའི་མི་ཐེངས4397ཡོད་པ་དང་། རྣམ་པ་གཉིས་པ་སྤྱད་དེ་མི་ཐེངས་ཁྲི1219ལ་ཆད་གཅོད་བྱས། རྣམ་པ་གསུམ་པ་སྤྱད་དེ་མི་ཐེངས222ལ་ཆད་གཅོད་བྱས། རྣམ་པ་བཞི་པ་སྤྱད་དེ་མི161ལ་ཆད་གཅོད་བྱས་པ་རེད། །