ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཏང་ཀྲུང་དབྱང་གིས་ནག་འཇོམས་ངན་སེལ་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་རྒྱུའི་ཐད་བཀོད་སྒྲིག་གནང་སྟེ། ད་ལོའི་ཟླ7པ་ནས་བཟུང་ལོ་གཅིག་ཙམ་གྱི་དུས་ཚོད་ནང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ནག་འཇོམས་ངན་སེལ་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་པ་གསལ་བོར་བསྟན་ཡོད། ཐེངས་འདིའི་ནག་འཇོམས་ངན་སེལ་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་སྐབས་མི་དམངས་མང་ཚོགས་ཀྱིས་གཤམ་གསལ་གྱི་ཐབས་ལམ་བརྒྱུད་དེ་ཐེར་འདོན་བྱེད་ཆོག
དང་པོ། རྒྱལ་ཡོངས་ཀྱི"12337"གཅིག་གྱུར་དྲ་ཐོག་ཐེར་འདོན་སྟེགས་བུ་བེད་སྤྱོད་བྱེད་པ་སྟེ། དྲ་ལམ་ནས"12337"ཞེས་འཚོལ་ཞིབ་བྱེད་པའམ་ཡང་ན་ཀྲུང་གོའི་ཁྲང་ཨན་དྲ་བ་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཁྲང་ཨན་ཅན(长安剑)སྐད་འཕྲིན་སྤྱི་སྟེགས་སོགས་བརྒྱུད་དེ། འབྲེལ་ཡོད་ཆ་འཕྲིན་ཡར་སྤྲོད་བྱས་ཚེ། རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་གིས་དུས་ལྟར་བདག་སྤྲོད་བྱེད་པ་ཡིན།
གཉིས་པ། སྤྱི་བདེ་པུའུ་དང་རྒྱལ་ཁབ་ཡིག་སྐུར་ངོ་གཏུག་ཅུས། ཞིང་ཆེན་རིམ་པའི་ནག་སེལ་གཞུང་དོན་ཁང་བཅས་ཀྱིས་ཡོངས་བསྒྲགས་བྱས་པའི་ཐེར་འདོན་སྟེགས་བུ་དང་། གློག་འཕྲིན་དྲ་རྒྱའི་དངུལ་རྩ་སོགས་ལས་རིགས་གཙོ་གཉེར་སྡེ་ཁག་དང་འབྲེལ་ཡོད་དྲ་རྒྱའི་སྟེགས་བུའི་ཞུ་གཏུག་ཐེར་འདོན་བྱེད་ཐབས་བརྒྱུད་དེ་ཐེར་འདོན་བྱེད་ཆོག
གསུམ་པ། ས་གནས་ཁག་གིས་ནག་འཇོམས་ངན་སེལ་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་རིང་གསར་དུ་བསྒྲགས་པའི་ཐེར་འདོན་ཁ་པར་ཨང་གྲངས་དང་ཐེར་འདོན་སྟེགས་བུ། ཐེར་འདོན་ས་གནས་དང་གློག་རྡུལ་སྦྲག་སྒམ་སོགས་བརྒྱུད་དེ་ཐེར་འདོན་བྱེད་ཆོག
གོང་གསལ་གྱི་ཐབས་ལམ་དེ་དག་བརྒྱུད་དེ་ཐོབ་པའི་ཁུངས་སྣེ་རྣམས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ནུས་ཤུགས་ཡོད་རྒུས་ཞིབ་བཤེར་ལྡོག་ལན་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་པ་མ་ཟད། དགོས་ངེས་སྐབས་སུ་རིམ་པ་སྤར་ནས་སྐོང་འཐེན་བསྐྱར་ཞིབ་ལས་དོན་སྤེལ་ཏེ། རྩད་གཅོད་མཐིལ་ཕྱིན་ཡོང་བར་སྐུལ་འདེད་གཏོང་བ་དང་། དུས་མཚུངས་སུ་གསང་རྒྱ་ནན་མོ་དང་མི་ལུས་སྲུང་སྐྱོབ། བྱ་དགའི་ཐེར་འདོན་ལམ་ལུགས་ལག་བསྟར་ནན་ཏན་བྱས་ནས། མང་ཚོགས་ཚོས་རང་འགུལ་སྒོས་ནག་ཉེས་དང་འབྲེལ་བའི་གྱོད་དོན་ཐེར་འདོན་བྱེད་པར་ཁྲིད་སྟོན་བྱ་རྒྱུ་རེད། །