ལོ་སྟོད་དུ་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་མགྱོགས་མྱུར་ངང་འཕར་བ་མངོན་འགྱུར་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོང་དོན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན།  ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར37797.5ཟིན་པ་དང་དུས་མཉམ་ལས8.3%འཕར་ཡོད།  དེའི་ནང་ཞབས་ཞུ་ཕྱིར་གཏོང་བྱས་པ་དུས་མཉམ་ལས17.6%འཕར་བ་དང་། ནང་འདྲེན་དུས་མཉམ་ལས2.9%འཕར་ཡོད། ཀྲུང་གོ་ནས་ཡོང་བའི་སྤུས་ལེགས་ཞབས་ཞུ་མགྱོགས་མྱུར་ངང་གོ་ལ་ཧྲིལ་པོར་ཁྱབ་བཞིན་ཡོད། 

ད་ལོ་ནས་བཟུང་། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཕྱིར་གཏོང་རྒྱུན་མཐུད་ངང་མགྱོགས་པོར་འཕར་བ་རྒྱུན་འཁྱོངས་ཐུབ་པ་དང་། ལོ་སྟོད་ཀྱི་དུས་མཉམ་ལས12.8%འཕར་ནས། ཞབས་ཞུའི་ཕྱིར་གཏོང་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད53.5%ཟིན་ཡོད།  དེའི་ནང་མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་དང་ཤེས་རིག་བདག་དབང་བེད་སྤྱོད་གྲོན་དངུལ་གྱི་ཐོན་སྒོ་འཕར་ཚད་མགྱོགས་ཤོས་ཡིན་པ་དང་། ཐོན་ལས་ཀྱི་གསེར་འདུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།  རྒྱལ་ཁོངས་སུ་ཡུལ་སྐོར་བྱེད་ཚད་མང་དུ་ཕྱིན་པའི་སྐུལ་ཁྲིད་འོག ད་ལོའི་ལོ་སྟོད་དུ་འགྲུལ་སྐྱོད་ཀྱི་ཞབས་ཞུའི་ཕྱིར་གཏོང་དེའང30%ཡན་གྱི་འཕར་ཚད་ཅུང་མགྱོགས་པོ་རྒྱུན་སྲུང་བྱས་ཡོད།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།