ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག》བཏོན་པ་ནས་བཟུང་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་སུ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་ངང་གཏིང་ཟབ་དང་རྒྱ་སྐྱེད་བཏང་ནས། ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་ཐབས་ཁག་དངོས་འབྲེལ་དང་ཞིབ་ཚགས་སུ་བཏང་སྟེ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་ནུས་ཤུགས་བསྩལ་ཡོད།
སྐྱེ་ཁམས་ཁོར་ཡུག་པུའུ་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ་དང་ཏང་གི་སྤྱོད་ཚུལ་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕུགས་ལ་དོ་དམ་དང་རྩ་བ་སྲ་བརྟན་དུ་གཏོང་བ་དང་། ལམ་སྲོལ་ཅན་དང་ཞིབ་ཐོ་ཅན་གྱི་དོ་དམ་ལག་བསྟར་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱ་རྒྱུ་དེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་ཀའི་ལམ་སྲོལ་བཙུགས་ཏེ། པུའུ་ཁོངས་གཏོགས་ཀྱི་གཙོ་གནད་ལས་འགན་གྱི་གསལ་ཐོ་དང་ཞིབ་བཤེར་གཏན་འབེབས་ཀྱི་གཙོ་གནད་གསལ་ཐོ་ཞིབ་འཇུག་དང་གཏན་འབེབས་བྱས་པ་དང་། འགན་འཁྲི་ལས་བགོས་ཁ་གསལ་དང་ལས་འགན་བྱེད་ཐབས་ཞིབ་ཕྲ་བཟོས་ནས། “ལམ་སྲོལ་གཅིག་དང་ཞིབ་ཐོ་གཉིས”འཛིན་ལུང་དུ་འཛིན་པ་དང་། པུའུ་ཁོངས་གཏོགས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་མཉམ་དུ་དམ་འཛིན་བྱེད་པའི་བྱ་བའི་རྣམ་པར་ཆགས་པར་སྐུལ་འདེད་བཏང་།
རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱེད་སྐབས་རྣམ་པའི་ཐོག་ནས་འཕྲི་རྩིས་དང་ཕན་ནུས་ཐོག་ནས་སྣོན་རྩིས་བྱ་རྒྱུར་མཐོང་ཆེན་བྱས་ཡོད། ཡུལ་དངོས་སུ་ཞིབ་བཤེར་བྱེད་སྐབས་རིམ་པ་རེ་རེ་བཞིན་འགྲོ་རོགས་མི་བྱེད་པ་དང“མཐའ་གཅིག་ཏུ་མི་ལེགས་སྒྲིག་བྱེད་པ་དྲུག”སྒྲུབ་ཐུབ་པར་བྱས་ཏེ། རེས་སྐོར་གསུམ་པའི་ཁག་བཞི་པ་དང་། ཁག་ལྔ་པ། ཁག་དྲུག་པ་བཅས་ཀྱི་ལྟ་ཞིབ་ལྟ་ཀློག་བྱེད་ཚད་དེ་རེས་སྐོར་གཉིས་པ་ལས་ཧ་ལམ60%དང70%། 56%བཅས་ཉུང་དུ་ཕྱིན་ཡོད། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་བྱ་བ་ཚང་མ་སྟབས་བདེ་རུ་བཏང་སྟེ་མི་སྤྱོད་པ་དང་། ཁང་པ་སྤྱོད་པ། རླངས་འཁོར་སྤྱོད་པ། ཟ་མ་ཟ་བ་བཅས“སྟབས་བདེ་རུ་གཏོང་ཐུབ་པ་བཞི་སྟབས་བདེར”བཏང་། གླེང་མོལ་གྱི་ཁྱབ་ཁོངས་ཁྱོན་ཡོངས་ནས་ཉུང་དུ་བཏང་ནས། ལྟ་ཞིབ་བྱ་ཡུལ་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ལས་བགོས་དོ་དམ་གྱི་འགན་འཁུར་བློ་མཐུན། དེ་བཞིན་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད་པའི་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཁོ་ན་དང་གླེང་མོལ་བྱས།
སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་ཀྱི་བཟོ་ལས་གླིང་ཁུལ་གྱི་ཆུའི་སྦགས་བཙོག་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། གྲལ་བཤེར་བཅོས་སྒྲིག་གི་བླང་བྱ་གཅིག་གྱུར་དང་ཚད་ལྡན་དུ་བཏང་སྟེ། རིམ་རྩིས་བྱས་ན་བཙོག་ཆུ་སྦུག་དྲ་འཐུས་ཚང་མིན་པ་དང་སྒྲིག་བཀོད་འཁོར་སྐྱོད་རྒྱུན་གཏན་མིན་པ་སོགས་ཀྱི་གནད་དོན4000ལྷག་ཐག་གཅོད་བྱས། ཞིང་སྡེའི་ཆུ་ནག་བཙོག་ཆུར་བཅོས་སྐྱོང་ནན་མོ་བྱས་ཏེ། གཅིག་ཆོད་ཅན་དང་ཚད་བརྒལ་བཟོ་སྐྲུན་ཅན་གྱི་བཅོས་སྐྱོང་གཏན་འགོག་བྱས་ནས། བསྡོམས་པས་ཞིང་ཆེན་རིམ་པའི་རྩིས་ཐོའི་ཆུ་གཟུགས10439བཅོས་སྐྱོང་བྱས་ནས་བཅོས་སྐྱོང་བྱེད་ཚད90.9%ཟིན་ཡོད།
རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཡིག་སྐུར་ངོ་གཏུག་ཞུ་གཏུག་ཐེར་འདོན་དོ་དམ་ལས་སྟེགས་ཀྱིས་སྐད་འཕྲིན་དང་། དྲ་བ། འཕྲིན་ཡིག བཅར་འདྲི། པུའུ་ཀྲང་ཡིག་སྒམ་སོགས་ཐབས་ལམ་ཡོངས་ཀྱི་རེ་ཞུ་འཛུལ་སྒོ་གཅིག་གྱུར་འཆར་འགོད་བྱས་ནས། མགོ་ཁུངས་ནས་གཞི་རིམ་གྱི་ལས་སྟེགས་མང་པོའི་ཁག་བགོས་བསྡུ་ལེན་དང་བསྐྱར་ཟློས་ཕབ་འཇུག་གི་ཁུར་པོ་ཇེ་ཡང་དུ་བཏང་ཡོད།
སྐྱེ་ཁམས་ཁོར་ཡུག་པུའི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱ་རྒྱུ་ནི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཅིག་ཡིན་པས། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་དོན་དམ་འཛིན་དང་གཏིང་ཟབ་ཏུ་བཏང་སྟེ། ཟམ་མི་ཆད་པར་རྒྱ་སྐྱེད་གཏིང་ཟབ་གཏོང་བ་དང་ཕན་འབྲས་དངོས་ཐོན་པར་བྱས་ཡོད། །