ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2026ལོའི་ལོ་སྟོད་དུ་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ། ཚད་གཞི་སྔར་ལས་མཐོ་བ་དང་བྱ་ཐབས་སྔར་ལས་ཏན་ཏིག་ལ་བརྟེན་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ། འཛེར་མ་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས“དེང་རབས་ཅན་གསུམ”འཛུགས་སྐྲུན་གྱི་ལོ་འཁོར་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ལམ་ལུགས་ཀྱིས་དབང་ཆ་སྐྱོང་བ་དང་སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་པར་བློ་བརྟན་འགྱུར་མེད་ངང་ཤུགས་སྣོན་རྒྱག་པ། ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་ཁྲིམས་འཛིན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཆབ་སྲིད་དང་ནུས་པ། སྤྱོད་ཚུལ། སྤྱོད་གཙང་བཅས་བརྟན་པོ་ཡིན་པའི་སྒྲིག་ཁྲིམས་ཞིབ་བཤེར་དཔུང་སྡེ་འཛུགས་སྐྲུན་བྱས།
རྒྱལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ཁུངས་སྣེ་དང་སྙན་ཞུ་ཁྱོན་བསྡོམས་ཐེངས་ཁྲི1.55ལྷག་བསྡུ་ལེན་བྱས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ཁུངས་སྣེ་ཁྲི1.42ལྷག་ཐག་གཅོད་བྱས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་མི་ཐེངས4385ལ་གླེང་མོལ་དང་འཕྲིན་ཡིག་འདྲི་རྩད་བྱས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ1685ལ་གྱོད་དོན་ཐོ་འགོད་བྱས། མི1535ལ་ཆད་པ་བཅད་པ་དང་། མི138ཁྲིམས་འཛིན་ལས་ཁུངས་ལ་སྐྱེལ་སྤྲོད་བྱས། དེའི་ནང་ཐིན་དང་ཅུས་རིམ་པའི་ལས་བྱེད་པ59དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ356ལ་ཆད་པ་བཅད་པ་རེད།
རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞི”སྤྱད་དེ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་མི་ཐེངས5999ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཡོད། དེའི་ནང་རྣམ་པ་དང་པོའི་ཐོག་ནས་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པའི་མི་ཐེངས4397དང་། རྣམ་པ་གཉིས་པའི་ཐོག་ནས་ཐག་གཅོད་བྱས་པའི་མི་ཐེངས1219། རྣམ་པ་གསུམ་པའི་ཐོག་ནས་ཐག་གཅོད་བྱས་པའི་མི་ཐེངས222། རྣམ་པ་བཞི་པའི་ཐོག་ནས་ཐག་གཅོད་བྱས་པའི་མི161བཅས་ཡོད་པ་རེད། །