ཟླ8པའི་ཚེས3ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོའི་སྤོ་སྒུལ་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ། ཏང་ཙུའུ་ཧྲུའུ་ཅི་ཁྲུན་ཀྲུང་ཡུའེ་འཁོར་དང་བཅས་པར་ཐུག་འཕྲད་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གི་ཚབ་བྱས་ཏེ་ཁྲུན་ཀྲུང་ཡུའེ་འཁོར་དང་བཅས་པ་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་གོའི་སྤོ་སྒུལ་གྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཐད་འཕེལ་ཕྱོགས་ལེགས་པོ་མངོན་པ་དང་གྲུབ་འབྲས་བཟང་བོ་བླངས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ། ཀྲུང་གོའི་སྤོ་སྒུལ་གྱིས་གསར་དར་གློག་ཤུགས་དྲ་བ་དང་རྩིས་ཤུགས་དྲ་བ། རབས་གསར་པའི་འཕྲིན་གཏོང་དྲ་བ་བཅས་མཉམ་དུ་འཛུགས་སྐྲུན་བྱེད་པའི་ཁྲོད་མཉམ་འདྲེས་ཡོང་བར་བྱེད་པ་དང་། མཚོ་སྔོན་ལ་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཇེ་མང་དུ་གཏོང་བ། རྩིས་ཤུགས་ཐོན་ལས་ཀྱི་ཁེ་ལས་གཙོ་བོ་མཚོ་སྔོན་དུ་ནང་འགུག་བྱེད་པ། སྐྲུན་བཞིན་པའི་ལས་གཞིའི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་གཞི་གྲངས་ལ་བརྟེན་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བག་ཤུགས་སྔོག་འདོན་བྱེད་པ། ཧུར་ཐག་གིས་དཔེ་སྟོན་ཕན་ནུས་ལྡན་པའི་གྲངས་འཛིན་དཔལ་འབྱོར་གྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་སྐོར་ཞིག་བསྐྲུན་པ་བཅས་བྱས་ནས། ལག་རྡང་སྦྲེལ་ཏེ་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་ཐད་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་རྒྱུའི་རེ་བ་བཅངས་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོའི་སྤོ་སྒུལ་མཚོ་སྔོན་དུ་འཕེལ་རྒྱས་འགྲོ་བའི་ཞབས་ཞུའི་འགན་སྲུང་སྣ་ཚོགས་རྒྱུན་མཐུད་ངང་ལེགས་པོར་བསྒྲུབ་ངེས་ཡིན་ཟེར།
ཁྲུན་ཀྲུང་ཡུའེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོའི་སྤོ་སྒུལ་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཁ་ཕྱོགས་ནས་ཀྲུང་གོའི་སྤོ་སྒུལ་གྱིས་ཕྱོགས་གཉིས་ཀྱི་ཡུན་རིང་གི་འཐབ་ཇུས་མཉམ་ལས་རྒྱུན་སྲིང་དང་གཏིང་ཟབ་ཏུ་སྤེལ་བ་དང་། མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐུན་མིན་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ། མི་ཐབས་རིག་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རབས་ལྔ་པའི་དྲ་རྒྱའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། དཔེ་དབྱིབས་ཆེན་པོའི་བཀོད་སྒྲིག་བེད་སྤྱོད་སོགས་ཕྱོགས་ནས་མཚོ་སྔོན་བར་གྱི་དངོས་གཉེར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། སྔར་ལས་ཞིབ་ཕྲ་དང་སྔར་ལས་ནུས་ལྡན་གྱི་སྤོ་སྒུལ་བྱེད་ནུས་བཅས་ལ་བརྟེན་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་ངེས་ཡིན།
ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཁྲའོ་ཐུག་འཕྲད་ལ་ཞུགས།