“ཕ་ཡུལ་གྱི་གླུ་སྐད”ཅེས་པའི་སྤྲོ་ཚོགས་སྐབས་དང་པོ་ལེགས་འགྲུབ་བྱུང་།

ཡོང་ཁུངས། ཨ་མདོ་བརྙན་འཕྲིན།

ཟླ8པའི་ཚེས3ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་དང་། ཀྲུང་གུང་ཀོས་ནན་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་དང་ཀྲུང་གུང་ཀོས་ནན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ། ཀོས་ནན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་འགན་སྒྲུབ་བྱས་པའི“ཕ་ཡུལ་གྱི་གླུ་སྐད”ཅེས་པའི་རིག་རྩལ་སྤྲོ་ཚོགས་སྐབས་དང་པོ་དང་ཀོས་ནན་རྫོང་གི་ནོར་ནག་དང་གཙག་དྲུབ། གླུ་གར་རོལ་དབྱངས་དགོང་ཚོགས་སྐབས་བཅུ་གཉིས་པ་ཀོས་ནན་རྫོང་ཐར་ཤུལ་ཡུལ་ཚོའི་རྟ་རྒྱུག་ཐང་ནས་བརྙན་ཕབ་ཡོངས་སུ་ལེགས་འགྲུབ་བྱུང་།

སྤྲོ་ཚོགས་སུ་ཞིང་ཆེན་ཕྱི་ནང་གི་ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་སྒྱུ་རྩལ་པ་བརྒྱ་ལྷག་ཙམ་གར་སྟེགས་གཅིག་ཏུ་འཛོམས་ཏེ། “མི་དམངས་ལྟེ་བར་འཛིན་པའི་རྩ་དོན”རྒྱུན་འཁྱོངས་དང་ཁྲིད་སྟོན་དུ་བཟུང་ནས། དམངས་གླུ་དང་དེང་རབས་གླུ་གཞས། ཤོམ་འགྲོ་སོགས་གཙོ་བྱས་པའི་སྣ་མང་ངོ་མཚར་ཆེ་བའི་འཁྲབ་ཚན་གྱི་རྣམ་པའི་ཐོག་ནས་ས་གནས་རང་བཞིན་དང་མང་ཚོགས་རང་བཞིན། དམངས་ཁྲོད་རང་བཞིན་ཆེས་ཆེར་མངའ་ཞིང་། བསམ་བློའི་གཏིང་ཚད་ཟབ་ལ་སྒྱུ་རྩལ་གྱི་ཆུ་ཚད་མཐོ་ཞིང་ལྟད་མོའི་རིན་ཐང་ཆེན་པོ་ལྡན་པའི་གླུ་གར་རོལ་དབྱངས་ཀྱི་དགོང་ཚོགས་ཕུན་སུམ་ཚོགས་པ་ཞིག་རྒྱལ་ཁབ་ཕྱི་ནང་གི་ལྟ་མཁན་མང་པོའི་སྤྱན་སྔར་ཕུལ་ཡོད་པར་མ་ཟད། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། ཡར་ཐོན་མདུན་བསྐྱོད་ཀྱི་ངང་ཚུལ་ཉམས་དགའ་བ་དེ་ལ་བསྔགས་བརྗོད་དང་བསྟོད་གླུ་ཕུལ་ཡོད་པ་རེད།

སྤྲོ་ཚོགས་ཧྲིལ་པོ་དུས་རབས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་སྦྲེལ་ནས་དྲང་ཕྱོགས་གླེང་ཕྱོགས་ཀྱི་རིན་ཐང་བརྒྱུད་སྤེལ་བྱས་ཏེ། ཀྲུང་ཧྭ་ལ་དགའ་བདངམཁའ་ལམསོགས་མིང་དུ་གྲགས་པའི་གླུ་དབྱངས་ལས་དུས་རབས་གསར་པའི་རིག་རྩལ་ལས་དོན་པའི་འགན་འཁྲི་གང་ལེགས་སྒོས་མངོན་པར་བྱས།

སྤྲོ་ཚོགས་སུ་ཀོས་ནན་རང་ས་གནས་ཀྱི་ཕུལ་བྱུང་སྒྱུ་སྩལ་པ་ལས་གཞན། གླུ་མ་བློ་ལྡན་སྒྲོལ་མ་དང་སྒྲོན་པེ། བསམ་འགྲུབ་ཚེ་རིང་། རིག་འཛིན་སྒྲོལ་མ། འཇམ་དབྱངས་ཆོས་སྒྲོན་སོགས་མིང་དུ་གྲགས་པའི་གཞས་པ་གཞས་མ་དག་གདན་འདྲེན་ཞུས་ཏེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་དང་བོད་འབྲེལ་ས་ཁུལ་གྱི་རིགས་མཐུན་སྤུན་ཟླ་ཡོངས་ལ་གླུ་གར་གྱི་མཆོད་པ་གྱ་ནོམ་པ་ཞིག་ཕུལ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།