དམག་དཔུང་དང་ས་གནས་ཀྱི་ན་གཞོན་མཛའ་འབྲེལ་བྱེད་སྒོ་ཟི་ལིང་དུ་སྤེལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ8པའི་ཚེས1ཉིན། “དམག་བཙུགས་ལོ་ངོ་གོ་དགུ་པ། མཛའ་མཐུན་གྱི་བརྒྱད་པའི་ཚེས་གཅིག”ཞེས་པའི་དམག་དཔུང་དང་ས་གནས་ཀྱི་ན་གཞོན་མཛའ་འབྲེལ་བྱེད་སྒོ་ཟི་ལིང་དུ་སྤེལ། བྱེད་སྒོ་འདི་ནི་མཐོ་སྒང་དམག་དཔུང་གི་ན་གཞོན་དཔོན་དམག་གི་གཉེན་འབྲེལ་མཛའ་མཐུན་གྱི་དགོས་མཁོར་དམིགས་ནས། དམག་དཔུང་དང་ས་གནས་ཀྱི་ན་གཞོན་དག་ལ་བསམ་བློ་བརྗེ་རེས་ཀྱི་སྤྱི་སྟེགས་བསྐྲུན་པ་རེད། མཚོ་སྔོན་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་སོ་སོའི་ལོ་ཚོད་རན་པའི་ན་གཞོན་སྐྱེས་མ་བརྒྱ་ལྷག་དམག་སྒར་དུ་སོང་སྟེ། ཟི་ལིང་དུ་སྡོད་པའི་མཐོ་སྒང་དཔོན་དམག་དང་མཉམ་དུ་ལང་ཚོའི་མཇལ་འཛོམས་ལ་རོལ།

 

བྱེད་སྒོ་རུ་བྱིངས་སིམ་རྣམ་པའི་དམག་སྒར་མྱོང་རོལ་དང་སྤྲོ་སྣང་ལྡན་པའི་བསམ་བློ་བརྗེ་རེས། རང་མོས་ཀྱི་ཁ་བརྡ་སོགས་ཀྱི་ནང་དོན་བཀོད་སྒྲིག་བྱས་ཡོད། ས་གནས་ཀྱི་ན་གཞོན་དག་གིས་ཡུལ་དངོས་ནས་དམག་སྒར་གྱི་བཟོ་བཀོད་དང་སྒྲིག་བཀོད་ལ་ལྟ་སྐོར་བྱས་པ་དང་། དམག་རྩལ་སྦྱོང་བརྡར་ལ་ལྟ་སྦྱོང་བྱེད་པ། མེ་མདའི་སྦྱོང་བརྡར་གྱི་ཉམས་ལེན་ཁྲོད་ཞུགས་པ། ཐག་ཉེ་ས་ནས་དམག་སྒར་གྱི་འཚོ་བ་དང་དམག་མིའི་སྤྱོད་ཚུལ་ལ་མྱོང་རོལ་བཅས་བྱས།

ཐེངས་འདིའི་བྱེད་སྒོ་ནི་དམག་བཀུར་ཁྱིམ་སྐྱོང་སྲིད་ཇུས་དོན་འཁྱོལ་དང་། མཐོ་སྒང་དཔོན་དམག་གི་གཉེན་འབྲེལ་དཀའ་གནད་སེལ་བའི་བྱེད་ཐབས་ཤིག་ཡིན་ལ། གཉེན་འབྲེལ་རིག་གནས་གསར་པ་གསོ་སྐྱོང་དང་། རིག་གནས་གཉེན་འབྲེལ་གྱི་རྣམ་པ་གསར་པ་དར་སྤེལ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན། དེས་ན་གཞོན་དཔོན་དམག་གི་སྤྱི་ཚོགས་འབྲེལ་འདྲིས་ཀྱི་ཐབས་ལམ་རྒྱ་བསྐྱེད་ཡོད་ལ། དཔོན་དམག་གི་གཏོགས་སེམས་དང་སྐྱིད་སྣང་། ལས་རིགས་ཀྱི་གཟི་བརྗིད་བསམ་པ་བཅས་མཐོ་རུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་དམག་དམངས་བར་དུ་བརྩེ་བ་ཟབ་མོ་ཆགས་སུ་བཅུག

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།