ཟླ7པའི་ཚེས31ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པ་མཇུག་བསྒྲིལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཧྥིན་ཁྲོན་དང་ལིའུ་ཐུང་ཏི། ཀྲང་ཧོང་ཡོན་དང་། ལུའེ་ཀང་། ཝང་ཅིན་ཅའེ། ཚའེ་ཁྲུན་ཡུང་། དྲུང་ཡིག་ཆེན་མོ་ཁྲེན་ཏུང་ཁྲང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཁྱོན་སྡོམ་མི55གྲོས་ཚོགས་ལ་ཞུགས་ཏེ། ཁྲིམས་བཀོད་ཀྱི་མི་གྲངས་དང་མཐུན། དབྱང་ཧྥིན་ཁྲོན་གྱིས་མཇུག་སྒྲིལ་ཚོགས་འདུར་འགོ་འཛིན་བྱས།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་སྲུང་སྐྱོབ་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》 དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས》ལག་བསྟར་བྱེད་ཐབས》ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་དང༌། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཟི་ལིང་གྲོང་ཁྱེར་གྱི་ཞུ་གཏུག་ངེས་པར་དུ་དང་ལེན་བྱེད་པ་དང་འཕྲལ་མར་སྒྲུབ་དགོས་པའི་ལས་དོན་སྲོལ་ཡིག》ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་མཛོད་དོ་དམ་སྲོལ་ཡིག》ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་གཅིག་བསྡུས་དྲོད་རླངས་མཁོ་སྤྲོད་སྲོལ་ཡིག》ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་གི་ལས་དོན་སྲོལ་ཡིག》ལ་ཆོག་མཆན་འགོད་རྒྱུའི་སྐོར་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དོ་དམ་སྲོལ་ཡིག》ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2025ལོའི་ཞིང་ཆན་རིམ་པའི་ནོར་སྲིད་ངེས་རྩིས་ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས2026ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམ་སྤེལ་བྱེད་པ་དང་ཡོང་འབབ་འགྲོ་སོང་གི་སྔོན་རྩིས་ལེགས་སྒྲིག་བྱེད་པའི་སྙན་ཞུ》ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་ཐག་གཅོད། 《མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མི་རེ་ཟུང་གི་ཐོབ་ཐང་ཞིབ་བཤེར་བྱས་པའི་སྙན་ཞུ》བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་མི་དོན་གྱི་འབྲེལ་ཡོད་དོན་ཚན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པར་བསྐོ་བཞག་ཡི་གེ་སྤྲད།
གྲོས་ཚོགས་ལས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།
ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིན་ཅིའུ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་ཁུར་པ་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
གྲོས་ཚོགས་གྲོལ་རྗེས། གནས་དེ་རུ་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་ཁྲིད་ཐེངས་བཅུ་དྲུག་པ་སྟེ། 《སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་རྩོམ་སྒྲིག་བྱས་ཏེ་ཁྲིམས་སྐྱོང་གིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྲུང་སྐྱོབ་བྱེད་པ》ཞེས་པ་སྤེལ།