ཟླ7པའི་ཚེས31ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་དུ2026ལོའི"མཚོ་སྔོན་གསར་པའི་འཆད་ཁྲིད"ཐེངས་གཉིས་པ་སྤེལ་ཞིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སློབ་དཔྱོད་པུའུ་ཡི་ཀྲུའུ་རིན་ཀྲུའུ་ཝུན་ཝེ་གདན་དྲངས་ནས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པར་དམིགས་ནས་ཆེད་དོན་ཟུར་ཁྲིད་བྱས། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་ཁུངས་སོ་སོའི་ཏང་ཡོན་ལས་བྱེད་པའི་འཐུས་མི་ཉིས་བརྒྱ་འཆད་ཁྲིད་ལ་ཞུགས།
ཆེད་དོན་སློབ་ཁྲིད་ཀྱིས་དོན་སྙིང་གལ་ཆེན་དང་། ཚན་རིག་གི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཆེན་པོ་གསུམ་ནས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ནང་དོན་གཙོ་བོ་དང་། གཞུང་ལུགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། རིགས་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་ཟབ་མོ་དང་ལག་ལེན་རྨང་གཞི་བཅས་མ་ལག་ཚང་བའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་མ་ཟད། “རྒྱུན་འཁྱོངས་བཅུ་བཞིའི”སྲོག་ཤིང་དོན་སྙིང་ལ་དམིགས་ཏེ་ཕྱོགས་ཡོངས་ནས་འགྲེལ་ཀློག་བྱས་པ་དང་། དགོངས་པ་གལ་ཆེན་འདི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི“ཏང་འཛུགས་སྐོར་གླེང་བ”ཡིན་པའི་ཆ་ནས་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་གལ་ཆེན་དང་ལག་ལེན་གྱི་དོན་སྙིང་གཏིང་ཟབ་ངང་གསལ་འགྲེལ་བྱས་ཤིང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་དང་ཏང་གི་རླབས་ཆེན་བཟོ་སྐྲུན་གསར་པ་ལག་བསྟར་བྱེད་པའི་ཐབས་ལམ་གསལ་པོ་བཟོས་ཡོད།
ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པ་དང་། ཚང་མས་ཆེད་དོན་ཟུར་ཁྲིད་ཁྲོད་ཆབ་སྲིད་ཀྱི་མཐོ་ཚད་དང་རིགས་པའི་གཞུང་ལུགས་ཀྱི་ཟབ་ཚད་མངོན་གསལ་ཡིན་ལ། ལས་ཁུངས་ཏང་འཛུགས་ལག་ལེན་གྱི་མཐུག་ཚད་ལྡན་པས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་གོ་བ་ཟབ་མོ་ལེན་པ་དང་ཡང་དག་ཁོང་དུ་ཆུད་པར་བྱས་ནས། ཏང་འཛུགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུར་བློ་སྒོ་འབྱེད་པ་དང་མཛུབ་སྟོན་བྱེད་པའི་དོན་སྙིང་ལྡན་ཡོད། ཐེངས་འདིའི་སློབ་སྦྱོང་གོ་སྐབས་སུ་བཟུང་ནས་སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་གང་ཐུབ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་སྐྲུན་པ། དམངས་འཚོ་ལེགས་བཅོས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་སོགས་ཀྱི་ཐད་ནས་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་དགོས་པར་འདོད།