ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་གིས་མཚོ་སྔོན་ལ་རྩིས་སྤྲོད་བྱས་པའི་དཔེ་མཚོན་ཅན་གྱི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་རྟོག་ཞིབ་ཐག་གཅོད་བྱ་བའི་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་བསྡུས། ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ7པའི་ཚེས31ཉིན།  ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་གིས་མཚོ་སྔོན་ལ་རྩིས་སྤྲོད་བྱས་པའི་དཔེ་མཚོན་ཅན་གྱི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་རྟོག་ཞིབ་ཐག་གཅོད་བྱ་བའི་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་རྒྱས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་སྐོར་ཐེངས་ཉེར་བཞི་པའི་བྱ་བའི་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ་དང་། མངོན་མེད་རྐྱེན་ངན་རྟོག་ཞིབ་ཐག་གཅོད་བྱ་བ་དམ་འཛིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ལས་འཛོལ་ཚབས་ཆེན་ལ་བཀག་འགོག་དང་སྔོན་འགོག་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་འགན་སྲུང་ཏན་ཏིག་བྱས། ཧྲིན་ཀྲང་དང་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ལ་དཔྱད་ཞིབ་སྐོར་ཞིབ་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་ལམ་ལུགས་དང་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་མ་ཟད། བདེ་འཇགས་འགན་འཁྲི་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་བརྟག་དཔྱད་དང་བྱ་བའི་བརྟག་དཔྱད་ཅིག་ཀྱང་ཡིན། འབྲེལ་ཡོད་ས་ཁུལ་ཁག་དང་སྡེ་ཁག་སོ་སོས་ལངས་ཚད་སྔར་ལས་མཐོ་བའི་སྒོ་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས་པ་དང་། སྟེས་དབང་གི་བསམ་བློ་དང་། བག་མེད་ལྷོད་གཡེང་གི་བསམ་བློ། སྣང་ཆུང་གི་རྣམ་འགྱུར་བཅས་མཐའ་གཅིག་ཏུ་དོར་ནས“ཉེན་ཁ་ནི་ལས་འཛོལ་ཡིན་ཞིང་། ལས་འཛོལ་བྱུང་ཚེ་ངེས་པར་དུ་ཐག་གཅོད་དགོས་པའི”འདུ་ཤེས་བཟུང་སྟེ། རང་འགུལ་གྱིས་ངོས་ལེན་དང་ལེགས་བཅོས་ནན་མོ་བྱས་ནས་གྲུབ་འབྲས་ལེགས་པོ་ལེན་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ལས་འཛོལ་ལ་བརྟག་དཔྱད་བྱེད་པའི་རྣམ་པར་བརྟེན་ནས་འཕྲལ་དུ་དག་ཐེར་བྱེད་པ་དང་། གནད་དོན་གྱི་རྩ་བ་དང་དཀའ་ཁག་རྩད་གཅོད་ཞིབ་མོ་བྱེད་པ། གནད་དོན་གྱི་མངོན་མེད་རྐྱེན་ངན་གསལ་ཐོར་དོ་དམ་དང་ཐོ་གསུབ་བྱེད་པར་སྐུལ་འདེད་གཏོང་བ། དོན་ཚན་རེ་རེ་བཞིན་ཞིབ་བཤེར་རྩིས་ལེན་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ལེགས་བཅོས་མཐར་ཕྱིན་པ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་དངོས་འབེབས་བྱེད་པ་དང་། “ཏང་སྲིད་འགན་མཉམ”དང“དོ་དམ་གསུམ་དང་ངེས་པར་གསུམ”གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ། ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་རིགས་ལ་འགན་འཁྲི་བདའ་འདེད་ནན་མོ་གཏོང་བ་དང་། སྒྲིག་སྲོལ་ལྟར་ཉེས་ཆད་གཅོད་པ་སྦྲེལ་མཐུད་དོན་འཁྱོལ་བྱེད་དགོས། རྩ་ལག་མཉམ་བཅོས་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཟུར་བསྟན་ལེབ་མཐོང་གིས་མ་ལག་རང་བཞིན་གྱི་བཅོས་སྐྱོང་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འབྱུང་ཁུངས་བཅོས་སྐྱོང་བྱེད་པའི་ལོ་གསུམ་འགུལ་སྐྱོད་ཟབ་སྤེལ་བྱེད་པ། ཉེན་ཁ་སྔོན་འགོག་གནད་འཁེལ་བྱེད་པ། མངོན་མེད་རྐྱེན་ངན་གྲལ་བཤེར་གནད་འཁེལ་བྱེད་པ། གནད་དོན་གནད་འཁེལ་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྩ་བའི་ཆ་ནས་ཞིང་ཆེན་ཡོངས་ཀྱི་ངོ་བོའི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་དགོས། མ་ལག་འདུ་ཤེས་རྒྱན་འཁྱོངས་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་དང་ཞོད་འགོག་གནོད་སེལ་རྒུད་སྐྱོབ་སོགས་ཀྱི་བྱ་བར་གཅིག་འདོམས་དམ་འཛིན་བྱས་ནས། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་ལེགས་པོ་བྱེད་དགོས།

ལིའུ་མེ་ཕིན་དང་། ཀྲང་ཅིན་ཀང་། དབྱང་ཀྲི་ཝུན། ལི་ཧུང་ཡ། ཝང་ཧའེ་ཧོང་། ཁྲུན་ཅི་ཝེ་བཅས་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།