
ཟླ7པའི་ཚེས27ནས31ཉིན་བར། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་གཙོ་སྒྲུབ་མཛད་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱ་དང་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་སློབ་ཆེན་དུ་བསྡུས། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་དང་ཡིག་སྒྱུར་ཁང་། གློག་བརྙན་འཕྲིན་སྒྱུར་སྐྲུན། སློབ་དེབ་རྩོམ་སྒྱུར། གསར་འགྱུར་སྨྱན་སྦྱོར། དུས་དེབ་རྩོམ་སྒྲིག་དང་དཔེ་སྐྲུན་ཁང་སོགས་མི་རིགས་སྐད་ཡིག་གི་ལོ་ཙཱ་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་ལས་ཁུངས་ཀྱི་རྐང་འཛིན་པ48གསོ་སྦྱོང་འཛིན་གྲྭར་ཞུགས།

དགེ་རྒན་མ་མིང་ཀྲུང་གིས་སློབ་ཁྲིད་བྱེད་བཞིན་པའི་ཚུལ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་ཏུ་གཏོང་བའི་མི་རིགས་ལས་དོན་གྱི་གཙོ་གནད་ཁོང་དུ་ཆུད་པ་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོར་གཏོང་བ། མི་རིགས་སྐད་ཡིག་ལོ་ཙཱ་དང་དོ་དམ་བྱ་བའི་དཔུང་ཁག་གི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་། ཁྲིམས་སྐྱོང་གི་བྱང་ཚད་དང་ཆེད་ལས་ཀྱི་ནུས་པ་མུ་མཐུད་དུ་བརྟན་པོར་བཏང་སྟེ། མཚོ་སྔོན་གྱི་མི་རིགས་བྱ་བའི་སྤྱི་ཡོངས་ལ་དངོས་སྒྲུབ་འགན་འཁུར་གྱིས་ཞབས་ཕྱི་བསྒྲུབ་རྒྱུ་དེ་གསོ་སྦྱོང་འཛིན་གྲྭའི་དམིགས་ཡུལ་ཡིན།

དགེ་རྒན་རྣམ་རྒྱལ་ལུང་ཡུན་ཆིང་གིས་སློབ་ཁྲིད་བྱེད་བཞིན་པའི་ཚུལ།
གསོ་སྦྱོང་འཛིན་གྲྭས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས། མཐོ་རིམ་སློབ་གླིང་སོགས་ཀྱི་དབང་གྲགས་ལྡན་པའི་ཆེད་མཁས་པ་དང་མཁས་དབང་གདན་དྲངས་ནས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས》 ལོ་ཙཱའི་གཞུང་ལུགས་དང་ལག་ལེན། མི་རིགས་སྐད་ཡིག་འཐུས་ཚང་ཅན་དང་ཚད་ལྡན་ཅན། ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ཀྱི་ནང་དོན་གཙོར་བཟུང་སྟེ་ཚུལ་མཐུན་གྱི་སློབ་ཁྲིད་བཀོད་སྒྲིག་བྱས་ཏེ། ཆེད་དོན་དཔེ་ཁྲིད་དང་བརྙན་ལམ་སློབ་ཁྲིད། བགྲོ་གླེང་བརྗེ་རེས་སོགས་ཀྱི་ལམ་ནས“སྲིད་ཇུས+ལས་དོན+ཕྱོགས་བསྡུས”བཅས་ཀྱི་གསོ་སྦྱོང་མ་ལག་གྲུབ་པར་བྱས་ནས་ལོ་ཙཱ་བའི་ནུས་པ་མཐོར་འདེགས་སུ་བཏང་།

སློབ་ཁྲིད་ཀྱི་ཡུལ་དངོས།
གཅིག་སྡུད་གསོ་སྦྱོང་བྱས་པ་བརྒྱུད། གསོ་སྦྱོང་སློབ་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་། དམིགས་ཚད། ལས་འགན་བཅས་ཁོང་དུ་ཆུད་པར་བྱེད་པ། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་བྱང་ཆུབ་པར་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁྱབ་ཁོངས་ཀྱི་སྲིད་ཇུས་འགྲེལ་བཤད། སྐད་ཡིག་ཞབས་ཕྱི། དྲིལ་སྒྲོག་བརྒྱུད་སྤེལ། མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པར་འབད་བརྩོན་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་དང་། རིག་གནས་ཀྱི་བདེ་འཇགས་མཐའ་ཚད་ནན་སྲུང་བྱེད་པ། “མཉམ་མྱོང་བཞིའི”ཐུན་མོང་ཚོགས་པའི་འདུ་ཤེས་ལྟ་བ་བརྟན་པོར་འཛུགས་པ་དང་། “མོས་མཐུན་ལྔ”རྒྱུན་ཆད་མེད་པར་ཁྲིད་སྟོན་བྱེད་པ། འགན་འཁྲིའི་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བ། སྐད་བརྡ་ལ་བརྟེན་ནས་མི་སེམས་མཐུན་པར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དཔེ་སྟོན་ཞིང་ཆེན་བསྐྲུན་པར་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་དགོས་པ་ཁྲིད་སྟོན་བྱས།

བགྲོ་གླེང་བྱེད་པའི་བཞིན་པའི་ཚུལ།
གསོ་སྦྱོང་སློབ་མས་བཤད་རྒྱུར། ཐེངས་འདིའི་གསོ་སྦྱོང་སློབ་ཚན་གྱི་ནང་དོན་ལ་སྲིད་ཇུས་རང་བཞིན་དང་ཁྲིམས་སྐྱོང་རང་བཞིན །ཆེད་ལས་རང་བཞིན་བཅས་ལྡན་པ་དང་། གཞུང་ལུགས་ཀྱི་ཟབ་ཚད་དང་ལག་ལེན་གྱི་ཁྲིད་ཕྱོགས་མངོན་གསལ་གྱིས་འབུར་དུ་ཐོན་ཡོད་སྐད། ཁྲིད་བྱའི་ནང་དོན་དབང་གྲགས་ལྡན་ཅིང་སྤྱོད་སྒོ་ཆེ་བ། དང་ལེན་ཐུབ་པ་བཅས་ཀྱི་ཁྱད་ཆོས་ལྡན། སླད་ཕྱིན། ཐེངས་འདིའི་སློབ་སྦྱོང་གི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་ལག་ལེན་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་བྱེད་ཐབས་སུ་བསྒྱུར་བ་དང་། ལས་གནས་སྟེང་གཞི་ཚུགས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། མི་རིགས་སོ་སོས་ཐུན་མོང་སྒོས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བྱེད་པར་སྟོབས་ཤུགས་འབུལ་རྒྱུན་ཡིན་ཟེར།

ཕུལ་བྱུང་སློབ་མའི་མཉམ་པར།
གསོ་སྦྱོང་འཛིན་གྲྭས་ད་དུང་ཉེན་བརྡའི་སློབ་གསོའི་བརྙན་ལ་བལྟས་ནས་སློབ་སྦྱོང་བྱས་པ་མ་ཟད་མཐུན་སྒྲིལ་བྱ་འགུལ་སྤེལ་པ་དང་། གསོ་སྦྱོང་སློབ་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་ཕུལ་བྱུང་སློབ་མར་རྒྱ་བོད་སྐད་གཉིས་པར་གཞིའི《དེང་རབས་རྒྱ་ཡིག་ཚིག་མཛོད》གནང་ངོ་།།