ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པ་ཚོགས། ཝུའུ་ཞའོ་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས29ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལུའི་ཀང་། ཝང་ཅིང་ཀྲའེ། ཚའེ་ཁྲེང་ཡུང་། དྲུང་ཡིག་ཆེན་མོ་ཁྲེན་ཏུང་ཁྲང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཁྱོན་བསྡོམས་མི56ཚོགས་འདུར་ཞུགས་ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན། ཝུའུ་ཞའོ་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ད་ཐེངས་ཀྱི་ཚོགས་འདུར་རེ་ཞུ་ཕུལ་བའི་འབྲེལ་ཡོད་མི་དོན་ལས་རིམ་ལ་གྲོས་ཞིབ་བྱེད་དགོས་པའི་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན་པ་དང་། བསྐོ་འཇོག་བྱེད་རྩིས་ཡོད་པའི་འོས་མིས་གཏམ་བཤད།

ཚོགས་ཐོག་ནས་སྔ་རྗེས་སུ། 《མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོབ་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན》ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། 《མཚོ་སྔོན་ཞིང་ཆེན་གྱིས<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས>ལག་བསྟར་བྱེད་ཐབས་ཀྱི་བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་གྱིས<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་དམངས་ཆེན་འཐུས་མིའི་བཅའ་ཁྲིམས>ལག་བསྟར་བྱས་པའི་བྱེད་ཐབས་ཀྱི་བཟོ་བཅོས་འཆར་ཟིན》སྐོར་གྱི་གསལ་བཤད། 《མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན》སྐོར་གྱི་གསལ་བཤད། 《མཚོ་སྔོན་ཞིང་ཆེན་གྱི་སྐུད་མེད་གློག་དོ་དམ་སྲོལ་ཡིག་འཆར་ཟིན》སྐོར་གྱི་གསལ་བཤད། 《མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་འགན་སྲུང་སྲོལ་ཡིག་འཆར་ཟིན》སྐོར་གྱི་གསལ་བཤད། 《མཚོ་སྔོན་ཞིང་ཆེན་ལས་ཁུངས་ཀྱི་ལས་དོན་དོ་དམ་སྲོལ་ཡིག་འཆར་ཟིན》སྐོར་གྱི་གསལ་བཤད། 《ཟི་ལིང་གྲོང་ཁྱེར་གྱི་ཞུ་གཏུག་ཡོད་ན་ངེས་པར་དུ་མྱུར་དུ་ཐག་གཅོད་བྱེད་དགོས་པའི་སྲོལ་ཡིག》སྐོར་གྱི་གསལ་བཤད། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་མཛོད་དང་ཆུ་མཛོད་ཁུལ་དོ་དམ་སྲོལ་ཡིག》སྐོར་གྱི་གསལ་བཤད། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་ལས་དོན་སྲོལ་ཡིག》སྐོར་གྱི་གསལ་བཤད། 《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པར་བཟོ་བའི་དོ་དམ་སྲོལ་ཡིག》སྐོར་གྱི་གསལ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲང་ཧོང་ཡོན་གྱིས་ཕུལ་བའི། 《མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ།》བཅས་ལ་ཉན། དེ་ལས་གཞན་ཞིང་ཆེན་མི་དམངས་སྲིད་གཞུང་གི2026ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། 2026ལོའི་ལོ་སྟོད་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། 2025ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ། 2026ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་བྱེད་པ་དང་། འགྲོ་གྲོན་དང་ཡོང་སྒོའི་སྔོན་རྩིས་ལེགས་སྒྲིག་བྱེད་པའི་སྐོར་གྱི་སྙན་ཞུ། 2025ལོ་ཧྲིལ་བོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་འགྲོ་གྲོན་དང་ཡོང་སྒོ་གཞན་དག་སྐོར་གྱི་རྩིས་བཤེར་ལས་ཀའི་སྙན་ཞུ་བཅས་ལ་ཉན། དེ་མིན་ད་དུང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིང་ཅིའུ་ཡིས་ཕུལ་བའི་སྐྱེ་ཁམས་ཁོར་ཡུག་ཞིབ་དཔྱོད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།

ཚོགས་ཐོག་ནས《མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་སྐུལ་འདེད་སྲོལ་ཡིག་འཆར་ཟིན》སྐོར་གྱི་གྲོས་ཞིབ་བསམ་འཆར་དང་། 《མཚོ་སྔོན་ཞིང་ཆེན་གྱི་སྐུད་མེད་གློག་དོ་དམ་སྲོལ་ཡིག་འཆར་ཟིན》སྐོར་གྱི་གྲོས་ཞིབ་བསམ་འཆར། 《མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་རིག་གནས་ཞབས་ཞུ་འགན་ལེན་སྲོལ་ཡིག་འཆར་ཟིན》སྐོར་གྱི་གྲོས་ཞིབ་བསམ་འཆར། 《མཚོ་སྔོན་ཞིང་ཆེན་ལས་ཁུངས་ཀྱི་ལས་དོན་དོ་དམ་སྲོལ་ཡིག་འཆར་ཟིན》སྐོར་གྱི་གྲོས་ཞིབ་བསམ་འཆར། 《ཟི་ལིང་གྲོང་ཁྱེར་གྱི་ཞུ་གཏུག་ཡོད་ཚེ་ངེས་པར་དུ་མྱུར་མོར་ཐག་གཅོད་བྱེད་དགོས་པའི་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་མཛོད་དང་ཆུ་མཛོད་ཁུལ་དོ་དམ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་ལས་དོན་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་ཡོངས་ཀྱི་གད་སྙིགས་མེད་པར་བཟོ་བའི་དོ་དམ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་འཆར་ཟིན་སྙན་ཞུའི》སྐོར་གྱི་ཞིབ་བཤེར་བྱས་འབྲས་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2026ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་བྱེད་པ་དང་འབྲེལ་ཏེ། འགྲོ་གྲོན་དང་ཡོང་སྒོའི་སྔོན་རྩིས་ལེགས་སྒྲིག་དེ་མཚུངས་བྱེད་དགོས་པའི་སྙན་ཞུའི》ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་བཅས་རིམ་པར་དཔར་ནས་བཀྲམ།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་མེ་ཕིན་དང་། ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་གླིང་གཙོ་ཀྲང་ཙེ་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིང་ཅིའུ་སོགས་ཚོགས་འདུར་ཟུར་ཞུགས་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།