རྒྱལ་ཡོངས་སྲིད་གྲོས་ཀྱིས“ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས། ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས28ཉིན་པེ་ཅིན་དུ“ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་པ་དང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན།  ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་དུ་འཛིན་པར་རྒྱུན་འཁྱོངས་དང་། ཞིང་ལས་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བར་རྒྱུན་འཁྱོངས། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་།  གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར།  ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་གང་མགྱོགས་སྒོས་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་བྱས་ཤིང་།  དུས་རབས་གསར་པའི“ཞིང་གསུམ”བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁྲིད་སྟོན་དང་།   ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོས་ནས།  གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་འཕེལ་རིམ་གལ་ཆེན་བླངས།   མི་དམངས་སྲིད་གྲོས་ཀྱིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞིའི་རྩ་གནད་ཀྱི་འབྲེལ་ཡོད་ལས་འགན་དོན་འཁྱོལ་མཐར་ཕྱིན་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་འབྲེལ་བའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་དང་སྤུས་ཀར་སྟངས་འཛིན་བྱེད་པ། འབྲུ་རིགས་བདེ་འཇགས་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པ་སྟངས་འཛིན་བྱེད་པ་དང་།  ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་མཐོ་རུ་གཏོང་བ་དང་། བདེ་སྡོད་ལས་འཕྲོད་དང་འཆམ་མཛེས་ཞིང་སྡེ་འཛུགས་སྐྲུན་སྐུལ་འདེད་གཏོང་བ། ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་གྱི་སྲིད་ཇུས་ཕན་ནུས་ཆེ་རུ་གཏོང་བ་སོགས་ཀྱི་གནད་དོན་གཙོ་བོར་གཞིགས་ཏེ། བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་སྲིད་གླེང་། དམངས་གཙོ་ལྟ་སྐུལ་བྱ་བ་བཅས་ཏན་ཏིག་གིས་སྒྲུབ་སྟེ།   དངོས་སྒྲུབ་ཇུས་འདོན་གྱི་གྲུབ་འབྲས་ལ་བརྟེན་ནས་ཞིང་ལས་ཞིང་སྡེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན100ལ་ཉེ་བ་ཚོགས་འདུར་ཞུགས། རྒྱལ་ཡོངས་སྲིད་གྲོས་ཞིང་ལས་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་གི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། སྲིད་གྲོས་ཨུ་ཡོན་ཉེར་ལྔ་དང་ཆེད་མཁས་པས་སོན་ལས་དར་རྒྱས་དང་། འབྲུ་རིགས་ཀྱི་ཐོན་ནུས་ཆེ་རུ་གཏོང་བ། ཞིང་པའི་ཡོང་འབབ་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་སོགས་ལ་གཞིགས་ཏེ་གྲོས་མོལ་དང་ཐབས་འདོན་ཇུས་འབུལ་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་མ་ཟད་གསུང་བཤད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུང་གིས་སྔ་དྲོའི་ཚོགས་འདུར་འགོ་འཛིན་བྱས།  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོར་ཉན་ཏེ།  སྲིད་གྲོས་ཨུ་ཡོན་དང་གྲོས་མོལ་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།