ཟླ7པའི་ཚེས28ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས། ཡིག་ཆ་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ལ། རྨང་གཞིའི་སློབ་གསོ་དང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ། སྤུས་ཚད་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན། ཟས་རིགས་བདེ་འཇགས་དོ་དམ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་སོགས་བྱ་བར་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨང་གཞིའི་སློབ་གསོ་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་གི་སློབ་གསོའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། རྨང་གཞིའི་སློབ་གསོའི་ལེགས་བསྐྱེད་སྤུས་འདེགས་བྱ་སྤྱོད་སྤེལ་བ་དང་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་སྒྲིག་གཞི་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་སྡེ་གསོ་སྐྱོང་བྱེད་པ། སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་བཏོད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་དག་ཐེར་ལེགས་བཅོས་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་རྐྱེན་སྲོལ་གྲོས་ཚོགས་ཀྱི་དགོངས་དོན་འཁྱོལ་ནན་མོ་བྱེད་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། མིག་མདུན་གྱི་ཁེ་ཕན་ཁོ་ནར་བརྔམ་པ་དང་རྨོངས་ཚོད་ཀྱིས་ཇུས་ཐག་གཅོད་པ། དཔོན་པོ་གསར་པས་རྩིས་ཐོ་རྙིང་བར་ཁ་ཡ་མི་བྱེད་པ་སོགས་འབུར་ཐོན་གནད་དོན་ཡོ་བཅོས་ཟབ་མོ་བྱེད་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་ཕྱི་ཚུལ་རིང་ལུགས་དག་ཐེར་ལེགས་བཅོས་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་མཁྲེགས་གཏོར་དམག་འཐབ་དང་རྒྱུན་བསྲིང་དམག་འཐབ་ཡག་པོར་རྒྱག་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་རྒྱུ་དེ་སྲིད་འབྲས་ལྟ་བ་ཡང་དག་ལག་བསྟར་དང་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་འཛུགས་པའི་ཆབ་སྲིད་ལས་འགན་གལ་ཆེན་ཏུ་བརྩིས་ནས་བྱེད་ཐབས་སྔར་ལས་ཇེ་ཞིབ་ཏུ་གཏོང་བ་དང་སྐུལ་འདེད་ལ་ཤུགས་བསྣན་ཏེ་འཐུས་སྒོ་ཚང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལམ་ལུགས་མ་ལག་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་སྤུས་ཚད་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ་ཐོན་ལས་གནས་བཞིའི་འཛུགས་སྐྲུན་ལ་དམིགས་ནས་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ་ཐོན་ལས་རིམ་སྤོར་ལ་རོགས་འདེགས་བྱེད་དགོས། ཟས་རིགས་བདེ་འཇགས་ཀྱི་ཚད་མཐའ་ནན་སྲུང་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བེད་སྤྱོད་ལ་ཤུགས་བསྣན་ནས་གསར་གཏོད་འཕེལ་རྒྱས་ཐད་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་ཉེ་དུས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དྲག་པོར་བརྟེན་ནས་འགོག་ཟོན་དང་ཁ་གཏད་འཇལ་བའི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་ཞོད་འགོག་གནོད་འཕྲི་གནོད་སྐྱོབ་ཀྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས། ཞབས་ཞུའི་ལས་རིགས་ཀྱི་ནུས་བསྐྱེད་སྤུས་འདེགས་དང་དྲ་བ་དྲུག་གི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་བ་དང་གསར་དར་ཐོན་ལས་གཙོ་བོའི་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གཞི་གྲངས་མཚོ་སྔོན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། ཕྱོགས་ཡོངས་ནས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཁོར་ཡུག་ལེགས་བསྒྱུར་བཅས་བྱས་ཏེ་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་ཆུ་ཚད་ཤུགས་ཆེན་པོས་ཇེ་མཐོར་བཏང་སྟེ་རང་བྱུང་ཐོན་ཁུངས་བཅོས་སྐྱོང་ཕན་ནུས་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་སྟེ་དམངས་ཡོངས་ལུས་སྦྱོང་གི་གཞི་རྩའི་སྤྱི་བའི་ཞབས་ཞུའི་དོ་མཉམ་རང་བཞིན་དང་ཁྱབ་ནུས་རང་བཞིན་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་དགོས། རྩིས་བཤེར་དག་ཐེར་ལེགས་བཅོས་བྱ་བ་ཕྱོགས་ཡོངས་ནས་དམ་འཛིན་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་ཐད་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་དང་། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཐད་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི2026ལོ་ནས2035ལོའི་སྤྱིའི་འཆར་འགོད། མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་འཕེལ་རྒྱས་ཐད་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད། མཚོ་སྔོན་ཞིང་ཆེན་གྱི་སྲ་གཟུགས་བེད་མེད་དངོས་པོ་ཕྱོགས་བསྡུས་བཅོས་སྐྱོང་བྱ་སྤྱོད་ཀྱི་ཇུས་གཞི། དྲུག་པའི་ཚེས་བཅུ་དྲུག་ཉིན་གྱི་མཚོ་ནུབ་ཚྭ་འདམ་ཆེ་བའི་ཚད་རིམ་དྲུག་གྲངས་ཆུང་གསུམ་གྱི་ས་ཡོམ་གྱི་གནོད་རྗེས་སླར་གསོ་བསྐྱར་བསྐྲུན་གྱི་ལག་བསྟར་ཇུས་གཞི་བཅས་ལ་གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་དོ་དམ་བྱེད་ཐབས་འཆར་ཟིན་ལ་གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་གྲོས་འཆམ་བྱུང་ལ། གོ་རིམ་ལྟར་ཡོངས་བསྒྲགས་ལག་བསྟར་བྱེད་རྒྱུའི་ཐག་བཅད།
གྲོས་ཚོགས་ལས་ད་རུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།