ཀན་སུའུ་གནོད་འཚེའི་ཁུལ་དུ་འཚོལ་སྐྱོབ་ལས་དོན་ཐེངས་བཞི་པ་སྤེལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ་7པའི་ཚེས་26ཉིན་གྱི་ཕྱི་དྲོར། དུས་ཐུང་དྲག་ཆར་བབས་པའི་རྐྱེན་གྱིས་ཀན་སུའུ་ཞིང་ཆེན་ཏིང་ཤིས་གྲོང་ཁྱེར་ཝེ་ཡོན་རྫོང་ཧུའེ་ཁྲོན་གྲོང་རྡལ་དུ་ཆུ་ལོག་གི་གནོད་འཚེ་ཐོན་པ་དང་། ཞིབ་བཤེར་གཏན་འཁེལ་བྱས་པ་བརྒྱུད་ཚེས་26ཉིན་གྱི་ཆུ་ཚོད་17དང་སྐར་མ་40ཡི་བར་ཐེངས་འདིའི་གནོད་འཚེའི་ཁྲོད་མི་10རྐྱེན་ལམ་དུ་ཤོར་བ་དང་མི་23ལ་རྨས་སྐྱོན་ཕོག་ཡོད་ཅིང་། ཡུལ་དངོས་སུ་རེས་སྐོར་བཞི་པའི་འཚོལ་སྐྱོབ་ལས་དོན་སྤེལ་ཡོད།

ཟླ་7པའི་ཚེས་26ཉིན་གྱི་ཆུ་ཚོད་14ཡས་མས་སུ། ཀན་སུའུ་ཞིང་ཆེན་ཏིང་ཤིས་གྲོང་ཁྱེར་ཝེ་ཡོན་རྫོང་ཧུའེ་ཁྲོན་གྲོང་རྡལ་ཧྲོང་ཧྲི་མོན་ཀོའུ་རུ་སྟོད་རྒྱུད་དུ་དུས་ཐུང་དྲག་ཆར་བབས་པའི་རྐྱེན་གྱིས་ཆུ་ལོག་ཐོན་ནས་ཉེ་འགྲམ་དུ་གླིང་ག་གཏོང་བཞིན་པའི་ཡུལ་སྐོར་བ་ལུས་ཡོད་པ་དང་། ས་གནས་དེ་གས་འཕྲལ་མར་འཕྲལ་སྒྲུབ་དང་མེ་གསོད། འཕྲོད་བསྟེན། རིག་གནས་ཡུལ་སྐོར་སོགས་རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་འཕྲལ་སྒྲུབ་རོགས་སྐྱོབ་དང་མི་སྣ་གནས་སྤོའི་ལས་དོན་སྤེལ་བར་བསྐྱོད་ཡོད།

ཀན་སུའུ་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ངོ་སྤྲོད་བྱས་པར་གཞིགས་ན། དོན་རྐྱེན་ཐོན་རྗེས་སྔ་རྗེས་སུ་མེ་ཟོན་རོགས་སྐྱོབ་མི་སྣ་305དང་མེ་གསོད་རླངས་འཁོར་68 འཚོལ་སྐྱོབ་ཁྱི་4རོགས་སྐྱོར་བྱེད་པར་བཏང་བ་དང་དཀའ་ངལ་འཕྲད་པའི་མང་ཚོགས་ཁྱོན་247གནས་སྤོ་བྱས་ཡོད།

ཚེས་26ཉིན་གྱི་ཕྱི་དྲོ་ནས་ཚེས་27ཉིན་གྱི་ཐོ་རེངས་བར། ཧུའེ་ཁྲོན་གྲོང་རྡལ་དུ་དུས་ཐུང་དྲག་ཆར་འབབ་པའི་གནམ་གཤིས་ཐེངས་མང་བསྟན་ཡོད་ཅིང་། རོགས་སྐྱོབ་མི་སྣའི་བདེ་འཇགས་ལ་འགན་ལེན་བྱ་ཆེད་ཡུལ་དངོས་ཀྱི་བཀོད་འདོམས་པུས་ཀྱང་དུས་ཐོག་ཏུ་ཇུས་གཞི་ལེགས་སྒྲིག་བྱས་ཏེ། རོགས་སྐྱོབ་སྟོབས་ཤུགས་གནས་སྐབས་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད་པ་དང་། ཆར་པ་འབབ་མཚམས་ཆད་རྗེས་འཚོལ་སྐྱོབ་གྲལ་བཤེར་ལས་དོན་འཕྲལ་མར་སྤེལ་ཡོད།

ཀན་སུའུ་ཞིང་ཆེན་ཏིང་ཤིས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གི་རུ་དཔོན་ཝུའུ་མིང་གོ་ཡིས། མི་247བསྐྱབས་པའི་ནང་མི་7རླངས་འཁོར་ནང་ནས་སྐྱོབ་པ་དང་། དེ་བྱིངས་མི་སྣ་དག་མཛེས་ལྗོངས་ཁུལ་ནས་ཁ་གྲམ་དུ་བཅུག་ཡོད། རེས་སྐོར་བཞི་པའི་འཚོལ་སྐྱོབ་ལས་དོན་ཁྲོད་མི་མེད་གནམ་གྲུ་3གྱི་པར་ལེན་ལས་རླངས་འཁོར་ཡོད་ས་ཤེས་རྟོགས་བྱུང་བ་དང་། དེ་བས་ང་ཚོས་རླངས་འཁོར་ལ་དམིགས་ནས་མི་འཚོལ་བ་དང་ཆུ་ངོས་སུ་གཡེང་བའི་དངོས་རྫས་ལ་དམིགས་ནས་མི་འཚོལ་བཞིན་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།