ཟླ7པའི་ཚེས27ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དགོངས་པ་གལ་ཆེན། ཀྲུང་དབྱང་འབྲེལ་ཡོད་གྲོས་ཚོགས་དགོངས་པ་བཅས་བརྒྱུད་བསྒྲགས་བྱས་ཤིང་། རང་ཞིང་ཆེན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིད་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་དགོངས་པ་གལ་ཆེན་དང་། 2026ལོའི་འཛམ་གླིང་མིས་བཟོས་རིག་ནུས་ཚོགས་ཆེན་དང་མིས་བཟོས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མཐོ་རིམ་ཚོགས་འདུའི་མགོ་རྩོམ་མཛད་སྒོའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཧྥུའུ་ཅན་ཆོན་ཀྲོའུ་ཅིན་ཅང་གྲོང་ཁྱེར་གྱི་ལྷམ་བཟོ་གྲྭར་མེ་སྐྱོན་བྱུང་བ་དང་། ཁྲུང་ཆིན་ཕིན་ཧྲོས་རྫོང་གི་རི་ཉིལ་བར་གསུངས་པའི་མཛུབ་སྟོན་དགོངས་པ་གལ་ཆེན་སྐོར་བརྒྱུད་བསྒྲགས་བྱས། ནན་གྱིས་བསྟན་དོན། མི་དམངས་གྲོང་ཁྱེར་གྱི་འདུ་ལག་བསྟར་བྱས་ནས། གྲོང་ཁྱེར་གསར་སྒྱུར་བྱེད་པ་གྲོང་ཁྱེར་དེང་རབས་ཅན་འཛུགས་སྐྲུན་གྱི་གཞི་འཛིན་ས་གཙོ་བོར་བཟུང་སྟེ། ཏན་ཏིག་གིས་གྲོང་ཁྱེར་བཅོས་སྐྱོང་དང་སྡེ་ཁུལ་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས་པ་དང་། གྲོང་ཁྱེར་ནང་སྙིང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། རང་ཞིང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་ལེགས་འདོན་བྱས་ནས། ཤུགས་ཆེན་པོས་རྒྱལ་ཁབ་ལྗང་མདོག་རྩིས་གློག་མཉམ་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཨང་ཀིའི་བདེ་འཇགས་རྨང་གཞི་སྲ་སྐྲུན་བྱས་ནས། ལྗང་རྩིས་མཚོ་སྔོན་ནས་ཕྱིར་འབུད་པ་སོགས་ཐོན་ལས་མཉམ་འབྲེལ་བགྲོད་ལམ་འཚོལ་ཞིབ་དང་རྒྱ་བསྐྱེད་བྱས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ལེགས་པོ་བྱས་ནས། གཏེར་རི་དང་ཉེན་ཁའི་རྫས་འགྱུར་ཐོན་རྫས། བཟོ་སྐྲུན་ལས་གཉེར་སོགས་ཀྱི་ཁྱབ་ཁོངས་དང་མི་སྣ་འདུ་འཛོམས་ཁོར་ཡུག ། ངལ་རྩོལ་འདུས་ཚད་ཆེ་བའི་ཁེ་ལས་ལ་དམིགས་ནས། གཏིང་ཟབ་སྒོས་ཉེན་ཁའི་རྐྱེན་ངན་སྣ་མང་གྲལ་བཤེར་ལེགས་བཅོས་བྱེད་དགོས་ལ། འགན་ཁུར་ཕྲེང་ཐག་དམ་འཛིན་དམ་འབེབས་དང་། བདེ་འཇགས་ཐོན་སྐྱེད་ལག་བསྟར་བྱེད་ཐབས་དངོས་འཛིན་ཞིབ་འཛིན་བྱས་ནས། རྐྱེན་ངན་གཙང་སེལ་མཐིལ་དག་པ་བྱེད་དགོས། ས་གཤིས་གནོད་འཚེའི་ཉེན་ཁའི་གནས་དང་། འགྲིམ་འགྲུལ་གཞུང་ལམ་གཞོགས་ངོས། ཡུལ་སྐོར་ལྗོངས་ཁུལ་སོགས་གནས་གལ་ཆེན་ལ་རབ་ཏུ་དམིགས་ནས། སྐོར་ཞིབ་གྲལ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཉེན་ཁ་དང་འགན་ཁུར། གསལ་ཐོ་གསུམ་ལེགས་བཅོས་བྱེད་པ་བཙུགས་ནས། བོས་ན་ཨ་ལན་ཡོད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། སྔ་མོ་ནས་མཐོང་བ་དང་། སྔ་མོ་ནས་ཉེན་བརྡ་གཏོང་བ། སྔ་མོ་ནས་ཐག་གཅོད་བྱེད་པ། འགན་ཁུར་དངོས་འབེབས་དང་། ལག་བསྟར་དངོས་འབེབས། བདེ་འཇགས་དངོས་འབེབས་བྱེད་དགོས།
གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་། གླིང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན། ཀྲུང་གོ་ཚན་རིག་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཞིང་། གཞི་རྩའི་བརྩི་སྲུང་འདོན་སྤྲོད་བྱས་ལ། རང་འགུལ་གྱིས་རྒྱལ་ཁབ་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ལ་སྦྲེལ་མཐུད་བྱས་ནས། ཚན་རྩལ་འགན་ཁུར་འགངས་ཆེན་ཧུར་ཐག་གིས་འགན་དུ་ལེན་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཟབ་འདྲེས་འབྱུང་བར་སྐུལ་འདེད་བཏང་སྟེ། གཞི་གཅིག་གིས་སློབ་གསོ་ཚན་རྩལ་འཇོན་མི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་ལམ་ལུགས་བཅོས་སྒྱུར་དམ་འཛིན་བྱས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མང་པོ་སྐྱེ་རུ་འཇུག་པ་དང་། རྒྱལ་ཁབ་གཞི་ཆེན་ལ་ཞབས་ཞུ་བྱེད་པའི་ཁྲོད་མཚོ་སྔོན་གྱི་ངེས་གནས་དང་། མཚོ་སྔོན་གྱི་སྒྲུབ་སྟངས་མངོན་དུ་འཇུག་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གཞི་རིམ་ཇེ་ཡང་དུ་གཏོང་བའི་བྱ་བ་དེ་ཆབ་སྲིད་འགན་འཁྲི་རུ་བཟུང་ནས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་དང་སློབ་གསོ་མཉམ་སྦྱོར་བྱས་ཏེ། འཕྲལ་ཕན་འཕྲལ་གཉེར་དང་། རྨོངས་ཚོད་ཀྱིས་ཇུས་ཐག་གཅོད་པ། "དཔོན་གསར་གྱིས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ"སོགས་ཀྱི་གནད་དོན་མངོན་གསལ་ཅན་ཡོ་བསྲང་གཏིང་ཟབ་དང་། དཔེ་མཚོན་གནད་དོན་ཞིབ་བཤེར་དང་བརྡ་ཁྱབ་གཏོང་བར་དམ་འཛིན། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་བཅས་བྱས་ཏེ། ཁུར་པོ་ཇེ་ཡང་དུ་གཏོང་བའི་ཕན་འབྲས་དེ་བཅོས་སྐྱོང་གི་ཕན་ནུས་སུ་སྔར་ལས་ལེགས་པར་བསྒྱུར་དགོས།
ཚོགས་འདུའི་ཐོག་སྤྱི་ཚོགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཏང་གིས་སྤྱི་ཚོགས་ལས་དོན་ལ་དོ་དམ་བྱེད་པའི་རྩ་བའི་རྩ་དོན་དང་གནས་ཚུལ་གསར་པ་དང་། གནད་དོན་གསར་པ་སེལ་བའི་ལག་ལེན་གྱི་ཁྲིད་སྟོན་དང་། སྤྱི་ཚོགས་ལས་དོན་ནི་མང་ཚོགས་ལས་དོན་གྱི་ངེས་གནས་གལ་ཆེན་དང་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སྔོན་འགོག་དང་སེལ་བའི་མཐའ་ཚད་ཀྱི་བླང་བྱར་ངོས་འཛིན་གཏིང་ཟབ་བྱས་ཏེ། 《དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་་གྱི་དགོངས་དོན་དོན》དོན་འཁྱོལ་གཏིང་ཟབ་བྱས་ནས། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། མང་ཚོགས་ལ་གཅིག་བསྡུས་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་སྒྲུབ་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།