མཚོ་ཤར་གྱིས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ཞབས་ཞུའི་རིམ་འཕར་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དེ་སློབ་སྦྱོང་གི་གྲབ་འབྲས་ཚད་ལེན་འཇལ་བྱེད་དུ་བརྩིས་ཏེ། སྲིད་དོན་ཞབས་ཞུ་དང་སྨན་བཅོས་འགན་སྲུང་། སྡོད་ཁང་བདེ་སྡོད། འགྲིམ་འགྲུལ་འགྲོ་འོང་སོགས་དམངས་འཚོའི་ཁྱབ་ཁོངས་མང་པོ་ནས་དངོས་གཉེར་བྱེད་ཐབས་བཏོན་ཏེ། དོན་དངོས་ཀྱི་གྲུབ་འབྲས་ཐོག་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ནས། མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་བཏང་།

མཚོ་ཤར་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས“གློད་སྡོམ་ཞབས་གསུམ”གྱི་བཅོས་བསྒྱུར་ཟབ་སྤེལ་དང་། རོགས་སྒྲུབ་ལས་ཚབ་གཞུང་སྒྲུབ་ཁང་སྒྲིག་འཛུགས་བྱས་ཏེ། ལས་སྒོ་སྒེའུ་ཁུང85ཁེབས་པར་བྱས་ཡོད། མང་ཚོགས་ཀྱི་ཁ་ལོ་བའི་ལག་རྟགས་བརྗེ་བར་གང་སར་རྒྱུག་དགོས་པའི་གནད་དོན་ལ་དམིགས་ཏེ། རང་འགུལ་ལུས་བཤེར་གཞི་གཅིག་ཅན་གྱི་འཕྲུལ་ཆས་བཞག་ནས། འཛིན་ཡིག་བརྗེ་བའི་དུས་ཚོད་སྐར་མ་བཅུའི་ནང་ཚན་དུ་བསྡུས་པར་མ་ཟད། དྲ་ལམ་ནས་ལས་སྒྲུབ་ཐུབ་པར་བྱས་ཏེ་གང་སར་རྒྱུག་མི་དགོས་པ་མངོན་འགྱུར་བྱས། ད་ལོ་ནས་བཟུང་། ལྟེ་གནས་ཀྱིས་ཁྱོན་སྡོམ་རོགས་སྒྲུབ་ལས་ཚབ་ཞབས་ཞུ་མི་ཐེངས800ལྷག་བྱས་པ་དང་། ལས་སྒྲུབ་དོན་ཚན300ལྷག་ཐག་གཅོད་བྱས་ཡོད་ལ། བློ་འདྲི་སྣེ་ལེན་མི་ཐེངས་ཁྲི་གཅིག་དང་སྟོང་གཉིས་དྲུག་བརྒྱ་བརྒལ་ཡོད་པས། ལས་དོན་ཁག་ཚད་བརྒལ་ལེགས་འགྲུབ་བྱེད་ཚད་མཐོར་འདེགས་ཆེན་པོ་བྱུང་ཡོད།

མཚོ་ཤར་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་དམངས་ཕན་བྱེད་ཐབས་གསར་པ་བཏོན་ཏེ། ཁྱོན་ཡོངས་ནས་ཞིང་ཆེན་ཕྱིའི་སྒོ་བསྟེན་སྨན་བཅོས་ཀྱིས་གཅོང་ནད་རང་བཞིན་གྱི་ཁྱད་པར་བའི་ནད་གཞི་ངོས་འཛིན་བྱེད་པའི“ས་ཆ་གཞན་དུ་སྨན་བཅོས་བྱེད་པ་དང་ས་གནས་དེ་གར་ཚབ་སྒྲུབ་བྱེད་པའི”ཞབས་ཞུ་བཏོན། སྲིད་ཇུས་གསར་པའི་ངོས་འཛིན་རྒྱུ་ཆའི་ཞིབ་བཤེར་ཚད་གཞི་ཇེ་ལྷོད་དུ་བཏང་སྟེ། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་ཕྱིར་ཞིང་ཆེན་ནང་དུ་ལོག་མི་དགོས་པར། ས་གནས་དེ་གའི་སྨན་བཅོས་ལས་ཁུངས་ནས་གཅིག་འཐུས་རྣམ་པའི་གཅོང་ནད་རང་བཞིན་གྱི་ཁྱད་པར་བའི་ནད་གཞིའི་འགྲོ་གྲོན་ངོས་འཛིན་བྱེད་ཐུབ་པར་བྱས་ཏེ། མང་ཚོགས་ཀྱིས་ཞིང་ཆེན་བརྒལ་ནས་ལས་དོན་སྒྲུབ་པའི་དུས་ཚོད་དང་དཔལ་འབྱོར་འགྲོ་སོང་ཇེ་ཉུང་དུ་བཏང་། དུས་མཉམ་དུ། མཚོ་ཤར་གྲོང་ཁྱེར་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་བདེ་སྡོད་ཀྱི་དགོས་མཁོར་གཞིགས་ནས། དམངས་ཕན་སྲིད་ཇུས་གསར་པ་བརྒྱད་བཏོན་པ་དང་། སྡོད་ཁང་གླ་རིན་ལེན་ཆོག་པའི་ཚད་གཞི་སྒོར་ཁྲི་གཅིག་སྟོང་བཞི་བཞི་བརྒྱ་རུ་མཐོ་རུ་བཏང་བ་མ་ཟད། ཐད་ཀའི་གཉེན་ཚན་གྱི་རབས་བརྒལ་རོགས་རམ་སོགས་ཀྱི་སྲིད་ཇུས་བཏོན་ནས། ནུས་ལྡན་ངང་ཁྱིམ་ཚང་གི་དངུལ་གསོག་འགན་ཁུར་ཇེ་ཡང་དུ་བཏང་།

མཚོ་ཤར་གྲོང་ཁྱེར་སྤྱི་པའི་འགྲིམ་འགྲུལ་སྡེ་ཚོགས་ཚད་ཡོད་ཀུང་ཟི་ཡིས་ལའོ་ཏུའུ་ཁྲའོ་དབྱང་ས་ཁུལ་གྱི་འགྲོ་སྐྱོད་དཀའ་ཁག་ལ་དམིགས་ཏེ། ནུས་ཁུངས་གསར་པའི་སྤྱི་སྤྱོད་རླངས་འཁོར་དགུ་པ་གསར་དུ་བསྣན་ནས། ས་ཁོངས་འགྲུལ་སྐྱོད་ཀྱི་སྟོང་ཆ་བསྐངས། ཕིན་ཨན་ཆུས་ཀྱིས་མཚན་སྐྱོད་སློབ་མའི་ཆེད་དོན་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་བརྒྱད་ཤར་གཏོང་བྱས་ཏེ། སློབ་མ་བདེ་འཇགས་ངང་ཕྱིར་ལོག་པར་སྲུང་སྐྱེལ་བྱས། ལན་ཀྲོའུ་ཁུལ་གསར་གྱི་སྤྱི་སྤྱོད་ཁེ་ལས་དང་མཉམ་འགུལ་བྱས་ཏེ། གྲོང་ཁྱེར་གྱི་ས་ཁོངས་བརྒལ་བའི་གནམ་གྲུ་ཐང་གི་འགྲུལ་སྐྱེལ་ལས་གཉེར་བྱེད་པ་དང་། “མཚོ་ཤར་འགྲུལ་བཞུད”ཅེས་པའི་བྱ་རིམ་ཆུང་བ་སྤེལ་ནས་སྔོན་ལ་པ་སེ་ཉོ་ཐུབ་པར་བྱས་ཏེ། ཕྱོགས་ཡོངས་ནས་མང་ཚོགས་ཀྱི་འགྲུལ་སྐྱོད་དང་སློབ་ཞུགས། ས་ཁོངས་བརྒལ་བའི་ཕྱིར་སྐྱོད་བཅས་ཀྱི་དགོས་མཁོ་བསྐངས་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།