ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ7པའི་ཚེས23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཟླ7པའི་ཚེས23ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་དང་མོས་མཐུན་བྱས་པ་བརྒྱུད། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཅུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་ཉིན་ཤས་གོང་མཉམ་འབྲེལ་ཐོག《ཀྲུང་ལུགས་གསོ་རིག་དང་སྨན་རྫས་དར་རྒྱས་གཏོང་བའི“ལོ་ལྔའི་འཆར་གཞི་བཅོ་ལྔ་པ”དཔར་འགྲེམས་བྱས་ནས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་ཀྲུང་ལུགས་གསོ་རིག་དང་སྨན་རྩས་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།
འཆར་གཞིས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”ནང་ཀྲུང་ལུགས་གསོ་རིག་དང་སྨན་རྫས་འཕེལ་རྒྱས་གཏོང་བའི་དམིགས་ཚད་བཏོན་པ་སྟེ། 2030ལོར་སླེབས་སྐབས། དམངས་ཡོངས་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁྱབ་པའི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱིས་ནད་ཡམས་ཚབས་ཆེན་འགོག་བཅོས་བྱེད་པར་ཚད་བརྒལ་གསར་པ་ཡོང་བ། གཞི་རིམ་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། རྨང་གཞིའི་ཞིབ་འཇུག་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་ཀྱི་གསར་གཏོད་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་རིག་གནས་དང་རྒྱལ་སྤྱིའི་ཤུགས་རྐྱེན་སྔར་བས་ཆེ་རུ་འགྲོ་བ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་དར་རྒྱས་དང་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ཏེ། མི་ཚང་མས་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཞབས་ཞུ་ལོངས་སྤྱོད་བྱེད་པ་མངོན་འགྱུར་བྱེད་དགོས།
སྨན་བཅོས་དང་། ཚན་རིག་ཞིབ་འཇུག ཤེས་ལྡན་མི་སྣ། ཐོན་ལས། རིག་གནས། སྒོ་དབྱེའི་འཕེལ་རྒྱས་སོགས་ཀྲུང་ལུགས་གསོ་རིག་དང་སྨན་རྫས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་འཆར་འགོད་དང་བསམ་གཞིག་བྱས་ནས་སྤུས་ཚད་མཐོ་བའི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་པ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་དང་བདེ་ཐང་ཞབས་ཞུ་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་དང་། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་སྒོ་དབྱེ་འཕེལ་རྒྱས་རྒྱ་ཆེར་གཏོང་བ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ལ་གྲངས་ནུས་ཅན་གྱི་ནུས་པ་སྩོལ་བ་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་དང་བཅོས་སྐྱོང་སོགས་ཕྱོགས་བཅུའི་ཐད་ཀྱི་གཙོ་གནད་འགན་ཁུར་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཡོད།