སློབ་གསོ་པུས་རང་རྒྱལ་གྱི་རྨང་གཞིའི་སློབ་གསོའི་ཆུ་ཚད་ཐད་བསྟན་དོན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ལས་དོན་ཚོགས་འདུ་ཚེས་22ཉིན་པེ་ཅིང་དུ་འཚོགས་པ་རེད། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་དུ་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཁྲི་43དང་། སློབ་ཞུགས་སློབ་མ་དུང་ཕྱུར་2.2 ཆེད་བསྐོས་དགེ་རྒན་ཁྲི་1577བཅས་ཡོད་པས། འཛམ་གླིང་སྟེང་གི་གཞི་ཁྱོན་ཆེ་ཤོས་དང་སྤུས་ཚད་ལྡན་པའི་རྨང་གཞིའི་སློབ་གསོའི་མ་ལག་བསྐྲུན་ཚར་བ་མ་ཟད། སྤྱི་ཡོངས་ནས་འཛམ་གླིང་གི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་ཡོད་པ་རེད། གྲངས་གཞི་ལས་མངོན་པར། སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ།མཛེས་རྩལ། ངལ་རྩོལ་སོགས་ཕྱོགས་ཡོངས་ཀྱི་གོང་འཕེལ་གནས་ཚུལ་རྒྱུན་མཐུད་ཡག་པོ་བྱུང་ཡོད།

སློབ་གསོ་པུའི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་“2023ལོ་ནས་2025ལོ་བར་གྱི་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་སྤུས་ཚད་ལྟ་ཞིབ་ཚད་ལེན”གྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་བྱང་ཚད་སློབ་གསོར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

  • སློབ་མ་80%ཡས་མས་ཀྱི་རྩིས་རིག་དང་། སྐད་ཡིག དབྱིན་ཡིག ཚན་རིག་སོགས་ཀྱི་གཞི་རྩའི་བྱང་ཚད་སློབ་ཚན་གྱི་བླང་བྱའི་ཚད་གཞི་དང་མཐུན་ཡོད། སློབ་མ་55%ཡས་མས་ཆུ་ཚད་ལེགས་གྲས་སུ་སླེབས་ནས། འཛམ་གླིང་གི་སློབ་གསོ་རྒྱལ་ཁབ་སྟོབས་ཆེན་གྱི་སྔོན་ཐོན་གྲས་སུ་ཚུད་ཡོད།

སློབ་མའི་རྒྱལ་ཁབ་ཀྱི་མོས་སེམས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མོས་སེམས། བྱ་སྤྱོད་གོམས་གཤིས་ཚད་ལྡན་ཅན་བཅས་ཅུང་མཐོ་བའི་བསྡུར་ཚད་རྒྱུན་མཐུད་ངང་འཕར་ཡོད། གཞན་ཡང་སློབ་མའི་གཟུགས་པོའི་རིང་ཚད་དང་། གློ་དབུགས་ཤོང་ཚད། ཟུངས་ནུས་སོགས་འཚར་ལོངས་ཀྱི་དམིགས་ཚད་ཁག་མཐོ་རུ་ཕྱིན་པ་དང་། ཤ་རྒྱགས་པ་ཆགས་ཚད་དང་མིག་ཤེད་ཞན་དུ་འགྲོ་ཚད་ཚོད་འཛིན་ནུས་ལྡན་ཐུབ་ཡོད།

 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།