མང་རྫོང་གི་བྱེ་འགོག་བྱེ་བཅོས་བྱས་ནསལོ་30འཁོར་བའི་གྲུབ་འབྲས་ངོམ་སྟོན་བརྗོད་གཞིར་བཟུང་བའི་མུ་འབྲེལ་བྱེད་སྒོ་སྤེལ་མགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མི་དམངས་དྲ་བས་སྤེལ་བའི་འཕྲིན། ཟླ7ཚེས23ཉིན་ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གི“སེམས་ནུས་གཅིག་སྒྲིལ་བྱས་པའི་ལོ་ངོ་སུམ་ཅུ·ལྗང་སྒྱུར་བྱེ་འགོག་གི་ལེའུ་གསར་པ”ཞེས་པའི་བྱེ་འགོག་བྱེ་བཅོས་བྱས་ནས་ལོ30འཁོར་བའི་གྲུབ་འབྲས་ངོམ་སྟོན་གྱི་བརྗོད་བྱར་བཟུང་བའི་མུ་འབྲེལ་བྱེད་སྒོ་སྤེལ། ད་ཐེངས་ཀྱི་མུ་འབྲེལ་བྱེད་སྒོའི་ནང་གྲུབ་འབྲས་ཕྱོགས་སྡོམ་དང་། ཉམས་མྱོང་རྒྱུན་འཛིན། སྤུས་རྟགས་གསར་གཏོད། ནུས་པ་འཕེལ་རྒྱས། མི་སྣ་གསོ་སྐྱོང་དང་བླ་སྲོག་རྡུང་བཟོ་བཅས་གཙོ་ཐིག་ཏུ་བཟུང་ནས་ཁྱད་ཆེ་ཅན་གྱི་བྱེད་སྒོ་ཆེན་པོ་དྲུག་གཅིག་གྱུར་འཆར་འགོད་ཐོག་ཇུས་འགོད་བྱས་ཤིང་། དེའི་ནང་ནང་དབྱིངས་ཞུགས་རྣམ་པའི་བྱེ་བཅོས་ཀྱི་དངོས་ལྗོངས་སློབ་ཁང་བསྐྲུན་པ་དང་། སྨྱན་སྦྱོར་ཡོངས་ཁྱབ་ཀྱིས་བརྗོད་དོན་གཙོ་བོར་བཟུང་ནས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཞིབ་འཇུག་དང་སློབ་སྦྱོང་མ་ལག་གཏོད་པ། ཕྱོགས་ཡོངས་ཀྱི་གྲུབ་འབྲས་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱེད་པ།  མཚོན་རྟགས་རང་བཞིན་གྱི་བྱེ་བཅོས་ཚད་ལྡན་ཡིག་ཆའི་སྐོར་གྱི་གྲུབ་འབྲས་སྡུད་སྒྲིག་སོགས་འདུ་བ་རེད།

 

མུ་འབྲེལ་བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་ཕྱོགས་ཡོངས་དང་ལངས་གཟུགས་ཅན་གྱི་སྒོ་ནས་མང་རྫོང་གི་ལོ་ངོ་སུམ་ཅུ་ཡི་རིང་གི་བྱེ་འགོག་བྱེ་བཅོས་ཀྱི་གཡུར་ཟའི་གྲུབ་འབྲས་ངོམ་སྟོན་བྱས་ཏེ།   སྐྱེ་ཁམས་བཅོས་སྐྱོང་གི་ཉམས་མྱོང་རྩ་ཆེན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་དང་།   རྒྱ་ཆེར་ཁྱབ་གདལ་འདྲ་བཟོ་བྱེད་ཆོག་པ། དཔྱད་གཞིར་འཛིན་ཆོག་པ་བྱ་ཆེད་དང་། ཡུལ་ལྗོངས་དངོས་ཀྱི་སློབ་ཚན་ལ་བརྟེན་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་དང་ལྟ་བ་ཟབ་མོ་བསྐྱེད་དུ་བཅུག་སྟེ། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ལག་ལེན་ཀྱི་ཕན་འབྲས་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས“མཛེས་སྡུག་ལྡན་པའི་མང་རྫོང”མཉམ་བསྐྲུན། མཉམ་བཅོས། མཉམ་སྤྱོད་ཀྱི་བརྗིད་ཉམས་ལྡན་པའི་གོང་བུ་འགྲིལ་ཤུགས་སྔར་བས་ཇེ་ཆེར་བཏང་ནས་རྫོང་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། བྱེ་འགྱུར་བཅོས་སྐྱོང་། འབྱུང་འཕྲོད་གོང་འཕེལ་བཅས་ཀྱི་བྱ་གཞག་ཁག་གི་སྤུས་འབྲས་ལེགས་གཏོང་དང་བརྟན་བགྲོད་རྒྱང་འཁྱོལ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏང་ཆེད་རེད། 

མང་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཞུའེ་ཧྲུན་ཡུན་གྱིས“མང་རྫོང་གིས་དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་དང་ཁག་ཁུར་ཕྲག་ཏུ་བླངས་ཏེ།   ལོ་ངོ་སུམ་ཅུར་དངོས་སྒྲུབ་ལ་འབད་འབུངས་བྱས་ནས‘བྱེ་མས་མི་དེད་པ’ནས‘ལྗང་མདོག་གིས་བྱེ་མ་དེད’པའི་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་མངོན་འགྱུར་བྱུང་ལ། དེའི་ཁྲོད་དུ་ཁག་ཁུར་དང་བློ་སྤོབས་ཆེ་བ།  འགྱུར་མེད་བློ་རྩ་བརྟན་པ། དམངས་དམག་མཉམ་འབྲེལ་གྱིས་གནམ་སར་འཐབ་ཕོད་པའི ”མང་རྫོང་གི་བྱེ་བཅོས་ཉམས་མྱོང་སྦྱངས་ཟེར། ཁོས་མུ་མཐུད་དུ་རྫོང་ཡོངས་ཀྱི་ནགས་ཚལ་ཁེབས་ཕྱོད2.6%ནས་19.24%བར་འཕར་བ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་རིགས་ཀྱི་ཁེབས་་ཚད66.21%ཟིན་པ། ལྟེ་བའི་བཅོས་སྐྱོང་ཁུལ་གྱི་སྔོ་རིགས་ཀྱི་ཁེབས་ཚད75%ལས་བརྒལ་ཡོད། སྔོན་ཆད་བྱེ་མས་ཉི་མ་བསྒྲིབས་པའི་མྱ་ངམ་ཐང་དེ་ད་ཆ་རྩྭ་ཤིང་གི་ལོ་འདབ་རྒྱས་ཤིང་། སྔོ་ལྗང་གི་གོས་བཟང་བཀླབས་ཡོད་པས། མང་རྫོང་གི་སྐྱེ་ཁམས་གྱི་རྣམ་པ་དེ་རྩ་བའི་ལེགས་ཕྱོགས་སུ་བསྒྱུར་ཡོད་ཟེར།  

 

མི་དམངས་དྲ་བའི་མ་རྐང་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སིའི་འགན་འཁུར་བ་ཞུས་ཡོན་གྱིས་མང་རྫོང་གི་བྱེ་བཅོས་བྱས་པའི་ལོ་ངོ་སུམ་ཅུ་ནི་སྨྱན་སྦྱོར་རྒྱུན་མཐུད་གྱིས་རྗེས་སྙེག་དང་གནས་ཚུལ་གཏིང་ཟབ་སྤེལ་བའི་ལོ་ངོ་སུམ་ཅུ་རེད། བྱེ་རྡུལ་མཁའ་རུ་འཁྲུགས་པ་ནས་སྔོ་ལྗང་གི་རྣམ་པ་བརྒྱབ་པའི་བར་མང་རྫོང་གི་ས་ལག་མཐིལ་རེ་ཡི་རྒྱབ་ན་ཟིན་བྲིས་སུ་བཏབ་ཆོག་པའི་མི་སྣ་དང་། བརྒྱུད་སྤེལ་བྱེད་རིན་ཡོད་པའི་ཉམས་མྱོང་། བློ་ལ་བརྟན་པོར་ངེས་ཆོག་པའི་སྙིང་སྟོབས་རེ་ཡོད། གསར་འགྱུར་གྱི་རིན་ཐང་ལྗིད་ཏིག་ཏིག་དེས་ཏག་ཏག་མི་དམངས་དྲ་བ་ལ་མང་རྫོང་གི་གཏམ་རྒྱུད་དེ་གཏིང་ཟབ་ཅིང་རྒྱ་ཆེ་བ། གསོན་ཉམས་དང་བཅས་བརྗོད་ཆོག་པའི་འགན་འཁྲི་དང་འོས་འགན་ཟབ་མོ་ཡོད་པའི་ཚོར་སྣང་སྦྱིན།

དེ་ལས་ཀྱང་དོ་ཁུར་བྱེད་རིན་ཡོད་པ་ཞིག་ནི། མུ་འབྲེལ་བྱེད་སྒོའི་གྲས་ཏེ“བྱེ་འགོག་བྱེ་བཅོས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་ཆེན་མོ”ཞིག་ཟླ་7པའི་ཚེས་24ཉིན་དངོས་མགོ་ཚུགས་རྒྱུ་ཡིན་པ་དང་། དམིགས་སུ་ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་ཁང་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ཞིབ་འཇུག་སུའོ་(སྐྱེ་ཁམས་སུའོ་)ཡི་ཐང་རྒོད་བརྒྱུད་རིམ་དང་རྐྱེན་རྩ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཐང་རྒོད་སྐྱེ་ཁམས་རིག་པ་ཐོན་ཁུངས་གྱི་དབུ་བཞུགས་རིགས་གཅིག་མཁས་ཅན་ཅ་ཞའོ་ཧུང་། ལན་ཀྲོའུ་སློབ་ཆེན་གྱི་ཞིབ་འཇུག་ཆེ་མོ་བ་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་འབུམ་རམས་པའི་སློབ་དཔོན་ཙོའུ་སུང་པིང་། མཚོ་སྔོན་སློབ་ཆེན་ནགས་རྩྭ་སློབ་གླིང་གི་རིམ་པ་གཉིས་པའི་ཞིབ་འཇུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་འཇུག་ཆེ་མོ་བ་དམིགས་བསལ་ཕོགས་ཐོབ་ཀྱི་རིགས་གཅིག་མཁས་ཅན་ཝང་ཀྲན་ལིན། མཚོ་སྔོན་སློབ་ཆེན་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་རིམ་པ་གཉིས་པའི་ཞིག་འཇུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་ཐོབ་ཀྱི་རིགས་གཅིག་མཁས་ཅན་ཀྲང་ཏེང་ཧྲན། མཚོ་སྔོན་དགེ་འོས་སློབ་ཆེན་ཚན་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་འབུམ་རམས་པའི་སློབ་དཔོན་ཞེ་ཧུའེ་ཁྲུན།མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་བྱང་གསུམ་ལས་གྲྭའི་ཆེད་དོན་འཛིན་གྲྭའི་བཟོ་སྐྲུན་པ་མཱ་ཐིན། མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་མ་ཝུན་ཞང་། ཧྲང་ཧའེ་ཚན་རྩལ་དོ་དམ་ལས་བྱེད་པའི་སློབ་གླིང་གི་སློབ་ཁྲིད་ཞིབ་འཇུག་ཆེ་མོ་བའི་ཀྲུའུ་རེན་གཞོན་པ་དང་ཞིབ་འཇུག་པ་ཀུའུ་ཁྲེང་ཝེ། ཐེན་ཅིན་ལས་རིགས་དགེ་རྒན་ཆེ་མོ་བ་གཞོན་པ་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཀྲང་ཆུ་ཡུང་། ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་སློབ་འབྲིང་གི་མཐོ་རིམ་དགེ་རྒན་ལི་ཧུང་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་མང་རྫོང་དུ་འཛོམས།

 

སློབ་ཁྲིད་དངོས་སུ་མགོ་མ་ཚུགས་གོང་། རིགས་གཅིག་མཁས་ཅན་ཚོས་ས་གནས་དེ་གའི་སློབ་མའི་འཐུས་མི་དང་མཉམ་དུ་བྱེ་སྣ་དང་། མུ་གེ་ཐང་གི་ལྟེ་བ། མང་ཆུ་རྒྱལ་ཁབ་རླན་ས་སྤྱི་གླིང་སོགས་སུ་བརྟག་ཞིབ་བྱས་པ་རེད། ཁོང་ཚོས་རང་སོ་སོའི་ཞིབ་འཇུག་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ་ཐང་རྒོད་གྱི་སྐྱེ་ཁམས་ཉམས་གསོ་ནས་མཐོ་སྒང་བྱེ་སའི་ནགས་འདེབས་ལག་རྩལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སོགས་བར་དུ་ཆེད་ལས་ཀྱི་ཟུར་ཚད་ཐོག་ནས་ས་གནས་ས་ཐོག་ཏུ་བྱེ་བཅོས་ལག་རྩལ་ལ་ཐོལ་བརྒལ་བྱུང་ནས་ཚབ་བརྗེ་རིམ་འཇུག་བྱས།  དེ་དང་ཆབས་ཅིག་མང་རྫོང་གིས་ལོ་ངོ་སུམ་ཅུ་ཡི་རིང་གི་བྱེ་བཅོས་བརྒྱུད་རིམ་ཁྲོད་དུ་སྐྱེ་ཁམས་ཤེས་དཔལ་གྱི་ལག་ལེན་རིན་ཐང་ལ་དམིགས་ནས་ཡུལ་དངོས་སུ་བསྐྱོད་དེ་འགྲོ་ཞོར་འདུག་ཞོར་དུ་སློབ་ཁྲིད་བྱས་ནས“རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་ལག་ལེན་ཀྱི་རླབས་ཆེན་སྟོབས་ཤུགས་ཤེས་རྟོགས་བྱེད་དུ་བཅུག

 

མང་རྫོང་ནི་རྨ་ཆུའི་སྟོད་རྒྱུད་གྱི་སྐྱེ་ཁམས་སྲུང་ཡོལ་ཁུལ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ས་མཐོའི་ཐན་པ་དང་བྱེ་འགྱུར་ལ་ཆེད་དུ་བཅོས་སྐྱོང་བྱེད་པའི་རྫོང་ཁོངས་ཤིག་ཀྱང་ཡིན། ལོ་ངོ་སུམ་ཅུའི་རིང་ལ་སྙིང་རུས་གཏན་འཁྱོངས་བྱས་པས། ད་ཆ་མང་རྫོང་དུ་རྩྭ་དང་རྩི་ཤིང་སྣ་ཚོགས་རྒྱས་པའི་གྲོང་གསེབ་ཀྱི་གདོད་མའི་རྩི་ཤིང་གཞི་ཁྱོན་ཆེན་པོ་ཞིག་མ་བཅོས་རང་དུ་བྱུང་ནས་ས་ཁོངས་དེའི་ས་ངོས་དམར་རྗེན་དུ་མངོན་པའི་གནད་དོན་ལ་རྩ་བའི་རང་བཞིན་གྱིས་བཅོས་སྐྱོང་ཐོབ་ཡོད་པ་རེད། 

བྱེ་རླུང་གི་གནོད་འཚེ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་།  སྐོར་སྐྱོད་བྱེ་འབུར་ལ་ཚོད་འཛིན་ནུས་ལྡན་བྱུང་བ།  བྱེ་མས་ས་ཞིང་གཡོགས་པ་དང་གཞུང་ལམ་འགོག་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཏེ།   རྫོང་ཁོངས་ཀྱི་བྱེ་རྡུལ་དང་བྱེ་ལྡང་གནམ་གཤིས་ཐེངས་མང་དང་ཤུགས་ཚད་ཇེ་ཞན་དུ་གྱུར།  སྐྱེ་དངོས་གྱི་སྣ་མང་རང་བཞིན་རྒྱུན་མཐུད་སླར་གསོ་བྱུང་སྟེ། བྱ་རྒོད(རྒྱལ་ཁབ་ཀྱི་རིམ་པ་དང་པོ)དང་།  ཝ་མོ། རི་བོང་སོགས་དང་དེ་མིན་གདོད་མའི་ཆུ་བྱ་སྣ་ཚོགས་ཀྱང་སླར་ཡང་བྱེ་ཐང་གི་ཉེ་འཁོར་དུ་འཕེལ་བས། དེ་སྔ་ཐང་རྒོད་དང་བྱེ་ཐང་གི་ས་ཁོངས་ཏེ་རི་སྐྱེས་སྲོག་ཆགས་གྱི་དགའ་ཚལ་དུ་གྱུར་ཡོད་པ་རེད།     

སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་པ་དང་དུས་མཚུངས་ལོ་ངོ་སུམ་ཅུའི་རིང་གི་བྱེ་འགོག་བྱེ་བཅོས་ཀྱིས་རིམ་རྩིས་བྱས་ན་མང་རྫོང་གི་ཞིང་འབྲོག་པ་ཁྲི1.8ལྷག་ཙམ་ལ་ཡུན་རིང་གི་སྐྱེ་ཁམས་རྣམ་གྲངས་ལ་བརྟེན་ནས་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་པས། ཆ་སྙོམས་དུད་ཚང་རེར་ལོ་རེར་སྒོར9000ཡན་གྱི་ཡོང་འབབ་འཕར་ཡོད།   ཡུག་སྦྲེལ་བྱེ་བཅོས་ལས་གྲུབ་པའི་སྔོ་གླིང་དང་ཁྱད་ལྡན་བྱེ་ཐང་གི་ས་བྱད་ལ་གཞི་ཚུགས་ཏེ་ས་གནས་དེ་གའི་“རིག་གནས།     ཡུལ་སྐོར།     ལུས་རྩལ་བཅས་ཀྱི་མཉམ་འདྲེས་གོང་འཕེལ་བྱེད་སྟངས་གསར་གཏོད་བྱས་ཏེ། མུ་གེ་ཐང་གི་བྱེས་བགྲོད་འགྲན་སློང་འགྲན་བསྡུར་གྱི་ཁྱད་ལྡནIPསྤེལ་ནས་ལས་རིགས་མང་པོའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།     

རྩོམ་སྒྲིག་པ། : ཁོན་ཐར་འཚོ།