ལོ་སྟོད་དུ་མཚོ་སྔོན་གྱིས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར13.91སྤྲད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཟླ7པའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་གཞི་གྲངས་གསར་ཤོས་ཡོངས་བསྒྲགས་བྱས་ཤིང་། ཟླ6པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་བསྡོམས་པའི་མི་ཁྲི39.16ཟིན་པ་དང་། རིམ་རྩིས་བྱས་ན་མི་ཁྲི5.27ལ་གནས་སྐབས་རོགས་སྐྱོབ་བྱས་པ་དང་།  ལོ་སྟོད་དུ་རིགས་སོ་སོའི་མ་དངུལ་སྒོར་དུང་ཕྱུར13.91རོགས་སྐྱོབ་ཁ་གསབ་སྤྲད།

ད་ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱི་སྡེ་ཚན7གྱིས《མཚོ་སྔོན་ཞིང་ཆེན་གྱི་རིམ་དབྱེ་རིགས་དབྱེའི་རོགས་སྐྱོབ་རོགས་སྐྱོར་སྲིད་ཇུས་ཀྱི་གསལ་ཐོ》མཉམ་འབྲེལ་ཐོག་བཏོན་ནས་གཞི་རྩའི་འཚོ་བ་དང་། སློབ་གསོ།  སྨན་བཅོས།  སྡོད་ཁང་། ལས་ཞུགས།  གནོད་འཚེ་ཐེབས་པ།  ནད་ཡམས་འཕྲལ་སྡོམ་སོགས་རིགས་ཆེན་པོ་བརྒྱད་ཀྱི་རོགས་སྐྱོབ་རྣམ་གྲངས55བརྒྱུད་རིམ་ལྡན་པའི་ངང་གཅིག་སྡུད་བྱས་ཏེ་ཆོག་འཐུས་ཚད་གཞི་དང་། སྒྲུབ་གཉེར་བརྒྱུད་རིམ། འགན་སྲུང་ཐོབ་ཐང་། ཧེ་བག་ཅན་གྱི་ཁ་གསབ་སྲིད་ཇུས་བཅས་རེ་རེ་བཞིན་ཁ་གསལ་བཟོས་ནས་རོགས་སྐྱོབ་སྲིད་ཇུས་ཀྱི“ཐབས་ཇུས་གཅིག་སྡུད་དང་། བལྟས་པ་ཙམ་གྱིས་ཤེས་པ།     དྲ་ཐོག་ཞིབ་བཤེར།”མངོན་འགྱུར་བྱུང་། རོགས་སྐྱོབ་ཀྱི་བདེ་སྐྱིད་གསལ་ཐོ་དུས་གཅིག་ཏུ་བཟོ་བ་དང་། སྲིད་ཇུས་རོགས་སྐྱོར་དང་དམངས་ཕན་ཞབས་ཞུ་གཞི་གཅིག་ཏུ་དོན་འཁྱོལ་བར་སྐུལ་འདེད་བཏང་།  དྲ་ཐོག་ནས་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལས་སྟེགས་ལ་བརྟེན་ཏེ། དྲ་ཕྱིའི“བདེ་སྐྱིད་གསལ་ཐོ”སྒོ་ཁར་སྦྱར་བ་དང་། ། གཞི་རིམ་གྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་མི་རེ་རེ་བཞིན་དང་དུད་ཚང་རེ་རེ་བཞིན་གནད་སྨིན་ངང་སྦྱར་ནས་རོགས་སྐྱོབ་སྲིད་ཇུས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་། མཐིལ་རྟོགས་ཐུབ་པ། རྩིས་གསལ་པོ་རྒྱག་ཐུབ་པ། “མིས་སྲིད་ཇུས་འཚོལ་བ”དེ“སྲིད་ཇུས་ཀྱིས་མི་འཚོལ་བ”རུ་བསྒྱུར།

ཞིང་ཆེན་གྱི་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་ལས་སྟེགས་རིམ་འཇུག་རིམ་སྤོར་བྱས་ཏེ། ལས་ཤོར་དང་གྲངས་འབོར་ཆེ་བའི་སྨན་བཅོས་གཏོང་སྒོ་སོགས་དཀའ་ངལ་བཟོ་བའི་ཉེན་ཁའི་སྔོན་ཚུད་ཉེན་བརྡའི་དམིགས་ཚད་གསར་དུ་བསྣན་པ་དང་། རོགས་སྐྱོབ་འགན་སྲུང་བྱ་ཡུལ་གྱི་མི519 གསར་དུ་བསྣན་པ། ཆ་རྐྱེན་དང་མི་མཐུན་པའི་མི122གཙང་བཤེར་ཕྱིར་འཐེན་དང་།   འགན་སྲུང་བྱེད་དགོས་རིགས་ཚང་མ་འགན་སྲུང་དང་ཕྱིར་འཐེན་བྱེད་དགོས་རིགས་ཚང་མ་ཕྱིར་འཐེན་བྱས་ཡོད། དེ་དང་ཆབས་ཅིག་རོགས་སྐྱོབ་མ་དངུལ་གཏོང་སྤྲོད་ཀྱི་འཕྲིན་ཐུང་བརྡ་ཐོ་དོན་འཁྱོལ་བྱས་ནས་མང་ཚོགས་ལ་རོགས་སྐྱོབ་མ་དངུལ་གཏོང་སྤྲོད་ཀྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ཏེ་མ་དངུལ་གཏོང་སྤྲོད་ཀྱི་བརྒྱུད་རིམ་ཧྲིལ་པོ་ཁ་གསལ་ཡོངས་བསྒྲགས་དང་། བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་པ།  ཞིབ་དཔྱད་བསྡུར་བཤེར་ཐུབ་པ་བཅས་བྱས།

རོགས་སྐྱོབ་རེ་ཞུ་སྒྲུབ་གཉེར་ཚད་ལྡན་མིན་པ་དང་། ཞིབ་བཤེར་མཆན་འགོད་དུས་ཚོད་ལས་བརྒལ་བ།  སྟབས་བདེ་ཅན་གྱི“གཅིག་དཔེ་བརྒྱ་འགེབས”སོགས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་སུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་གནད་ལ་མི་འཁེལ་བའི་གནད་དོན་ཡོ་བསྲང་དང་བཅོས་སྒྲིག་བྱས་ཏེ་སྒྲིག་འགལ་ངང་འགན་སྲུང་ལོངས་སྤྱོད་བྱེད་མཁན99གཙང་སེལ་བྱས། རོགས་སྐྱོབ་ཡིག་བསྐུར་ངོ་བཅར་དང་ཐད་སྦྲེལ་ཁ་པར་གྱི་ཞུ་གཏུག་ཐག་གཅོད་བརྒྱུད་རིམ་འཐུས་སྒོ་ཇེ་ཚང་བཏང་། ནོར་སྲིད་སྡེ་ཚན་དང་མཉམ་དུ་མ་དངུལ་གཏོང་སྤྲོད་དང་སྤྲོད་པའི་ལྷུ་ཚིགས་སོ་སོར་དམ་པོར་དམིགས་ཏེ་མ་དངུལ་བེད་སྤྱོད་ཀྱི་ཉེན་ཁ་ནན་འགོག་བྱས་ནས་རོགས་སྐྱོབ་ཐོན་ཁུངས་དྲང་གཞག་དྲང་བདེན་ངང་དཀའ་ངལ་ཡོད་པའི་མང་ཚོགས་ལ་འགན་སྲུང་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།