ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས། ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ7པའི་ཚེས22ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ཆར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུ། ཡིག་ཆའི་དགོངས་དོན་བཅས་བརྒྱུད་སྒྲོག་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱེད་པ་དང་ཚན་རྩལ་གསར་གཏོད་དང་སློབ་སྦྱོང་སློབ་གསོ་སོགས་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ལ་རྟོག་ཞིབ་མཛད་སྐབས་དང་། 2026ལོའི་འཛམ་གླིང་མི་ཐབས་རིག་ནུས་ཚོགས་ཆེན་ལ་ཞུགས་པ་དང་མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མཐོ་རིམ་ཚོགས་འདུའི་འགོ་རྩོམ་མཛད་སྒོའི་སྟེང་གི་གསུང་བཤད་གལ་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་བསྟར་བྱེད་དགོས་ཤིང་། དམངས་ཀྱི་དགོས་མཁོ་འདྲི་བ་དང་། དམངས་ཀྱི་འཆར་གཞི་འདྲི་བ། དམངས་ཀྱི་ལས་ཕྱོད་འདྲི་བ་བཅས་རྒྱུན་འཁྱོངས་བྱས་ནས། གཏིང་ཟབ་དང་ནན་ཏན་སྒོས་གྲོང་ཁྱེར་གསར་སྒྱུར་གྱི་བྱ་བ་སོ་སོ་བསྒྲུབ་དགོས་ལ། ཧུར་ཐག་གིས་མཐོ་སྒང་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས། མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱེད་དགོས་ཤིང་། མཚོ་སྔོན་ལྗང་མདོག་གློག་ཤུགས་རྩིས་ཤུགས་ཀྱི་དགེ་མཚན་ལེགས་འདོན་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ལྗང་གློག་དང་རྩིས་ཤུགས། AIགསུམ་མཉམ་འདྲེས་འཕེལ་རྒྱས་འབྱུང་བའི་གསར་གཏོད་ཀྱི་ལམ་དུ་བགྲོད་དགོས་ལ། མི་ཐབས་རིག་ནུས་དང་ཟུང་འབྲེལ་ཞེས་པའི་འགུལ་སྐྱོད་ལག་བསྟར་ཟབ་སྤེལ་བྱས་ནས། མི་ཐབས་རིག་ནུས་ཀྱིས་ལས་རིགས་སྣ་ཚོགས་ལ་ནུས་པ་སྩོལ་བ་དང་། མཚོ་སྔོན་ཁྱད་ལྡན་གྱི་མི་ཐབས་རིག་ནུས་ཐོན་ལས་ཀྱི་སྐྱེ་ཁམས་མ་ལག་མྱུར་མགྱོགས་སྒོས་འཛུགས་དགོས།

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་། གླིང་གཉིས་ཀྱི་ཡོན་ཧྲི་ཚོགས་ཆེན། ཀྲུང་གོ་ཚན་རིག་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་ངེས་གནས་དང་བྱ་བའི་བླང་བྱ་ཡང་དག་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་བྱེད་པ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས། སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་རྩའི་ལྟེ་བའི་ལག་རྩལ་ཁག་ཅིག་འགག་སྒྲོལ་བྱེད་པ་དང་། ཐོན་སློབ་ཞིབ་སྤྱོད་གསུམ་མཉམ་སྡེབ་གསར་གཏོད་གཏིང་ཟབ་ཏུ་བཏང་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་རྒྱུན་མི་ཆད་པར་ཇེ་ལེགས་སུ་བཏང་སྟེ། ཕུལ་བྱུང་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོདབྱེད་དགོས།

ཚོགས་འདུའི་ཐོག་ཉེ་དུས་ཀྱི་ཀྲུང་དབྱང་རིམ་པས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། "ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སྣེ་ཁྲིད་དུ་བྱས་ཏེ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་། ལག་བསྟར་ལེགས་སྒྲུབ་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི"ཆེད་དོན་བགྲོ་གླེང་བྱས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ། དེང་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སྲིད་འབྲས་ལྟ་བ་ཡང་དག་དེ་སྲིད་གཞུང་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་འགན་སྲུང་། བདེ་འཇགས་ཐོན་སྐྱེད། ཞོད་འགོག་གནོད་འཕྲི་སོགས་ཀྱི་བྱ་བར་སྤྱི་འདོམས་བྱས་ནས། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་དགོས།

ཚོགས་འདུ་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།