མཚོ་སྔོན་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱི་སྐབས་བརྗེ་ཚོགས་ཆེན་དང་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ7ཚེས22ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱི་སྐབས་བརྗེ་ཚོགས་ཆེན་དང་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཟི་ལིང་དུ་འཚོགས། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཝན་མེན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས་ཤིང་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གྲོས་ཚོགས་ལ་ཞུགས།

དབྱང་ཝན་མེན་གྱིས་གྲོས་ཚོགས་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་རྩ་བའི་གཞི་འཛིན་སར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་དང་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་ཀྱི་ཁྱོན་ཆེན་པོར་དམིགས་ནས། རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་ས་བབ་དང་ཐོན་ཁུངས་དགེ་མཚན་ལ་རྐང་ཚུགས་པ་དང་། རྒྱལ་སྤྱིའི་མཛའ་མཐུན་གྲོང་ཁྱེར་བར་འགྲོ་འོང་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་ཚུལ་རིག་གནས་སྤེལ་རེས། ན་གཞོན་ལོ་ཆུང་བར་བསམ་བློ་བརྗེ་རེས། དེ་བཞིན་ཕྱི་ཕྱོགས་དང་དངོས་སྒྲུབ་མཉམ་ལས་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ཁྱོན་ཆེན་པོ་དང་། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ནུས་ལྡན་ཞུས་ཡོད། མཚོ་སྔོན་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱིས་ད་ཐེངས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་སྐབས་བརྗེ་གོ་སྐབས་སུ་བྱས་ཏེ། དུས་རབས་གསར་པའི་དམངས་ཁྲོད་ཕྱི་འབྲེལ་གྱི་འགན་འཁྲི་དང་ལས་འགན་ལ་དམིགས་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཛའ་མཐུན་སྤེལ་རེས་དང་དངོས་སྒྲུབ་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ཁྱོན་ཆེན་པོར་ཞབས་འདེགས་ཞུ་བ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། ཕྱི་ཕྱོགས་སྒོ་འབྱེད་ལ་རམ་འདེགས་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པར་འཛུགས་པར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་པའི་རེ་བ་བཅངས་ཡོད།

ལིའུ་ཆི་ཧྥན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། ཀྲུང་གོའི་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་། མཚོ་སྔོན་གྱི་དམངས་ཁྲོད་ཕྱི་འབྲེལ་བྱ་གཞག་ལ་མཛུབ་སྟོན་ཞིབ་ཚགས་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཞིང་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དམངས་ཁྲོད་ཀྱི་ཕྱི་འབྲེལ་ལས་དོན་དེ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ཁྱོན་ཆེན་པོ་དང་ཞིང་ཆེན་ཡོངས་ཀྱི་སྒོ་འབྱེད་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་གཅིག་འདོམས་ཇུས་འགོད་དང་གཞི་གཅིག་ཏུ་སྐུལ་འདེད་བཏང་བས། དམངས་ཁྲོད་ཀྱི་ཕྱི་འབྲེལ་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱིས་སྐབས་བརྗེ་དེ་མགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས། དམངས་ཁྲོད་ཕྱི་འབྲེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་རྒྱུན་མཐུད་ངང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་སྟངས་འཛིན་ནན་མོ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་དང་ལས་འགན་འཁུར་ཕོད་པ་བྱས་ནས། བདེན་སྲུང་གསར་གཏོད་དང་སྤུས་འདེགས་ཕན་སྐྱེད་མཐའ་འཁྱོངས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་དང་། མི་ཚུལ། ཐོན་ཁུངས་སོགས་ཁྱད་ལྡན་དགེ་མཚན་ལེགས་འདོན་བྱེད་དགོས། རིམ་པ་མང་བ་དང་ཁྱབ་ཁོངས་ཡངས་པའི་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་སྟེགས་བུ་ཧུར་ཐག་གིས་བཏོད་དེ། རྒྱལ་སྤྱིའི"གྲོགས་ཚོགས"རྒྱུན་མཐུད་ངང་རྒྱ་ཆེར་བཏང་ནས། ཞིང་ཆེན་ཡོངས་ཀྱི་དམངས་ཁྲོད་ཕྱི་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུར་ཉན་པ་མ་ཟད་གྲོས་ཞིབ་བྱས་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི་་མཚོ་སྔོན་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱི་སྒྲིག་ཡིག་དང་། སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་ལས་ཁུངས་ཀྱི་མིང་ཐོ། སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་བ་རེད།

གྲོས་ཚོགས་ལས་གསར་དུ་བདམས་ཐོན་བྱུང་བའི་ཚོགས་གཙོས་ཆོད་སེམས་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་མི་དང་དེ་བཞིན་ཞིང་ཆེན་ཁག་ཅིག་གི་མཛའ་མཐུན་མཐུན་ཚོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་པ་རེད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།