
ཟླ7པའི་ཚེས22ཉིན། རྒྱལ་ཡོངས་ཏང་གི་སློབ་གྲྭའི་སློབ་གཙོ་གྲོས་ཚོགས་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ཚའེ་ཆི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
རྒྱལ་ཡོངས་ཏང་གི་སློབ་གྲྭའི་སློབ་གཙོ་གྲོས་ཚོགས་ཚེས22ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ཚའེ་ཆི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སློབ་གྲྭའི་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། ཏང་གི་སློབ་གྲྭར་ཏང་གིས་དོ་དམ་བྱེད་པར་ཤུགས་སྣོན་པ། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་འཛིན་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་འབྱེད་གསར་གཏོད་བྱས་ཏེ། དུས་རབས་གསར་པའི་ཏང་གི་སློབ་གྲྭའི་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཕྱོགས་ཡོངས་ནས་ནན་སྐྱོང་བྱེད་པ་དང་བློ་དཀར་སྤྱོད་གཙང་དང་ཁག་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བརླིང་ངང་ཡུན་རིང་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། ཏང་གི་སློབ་གྲྭ་ནི་ཏང་གི་སློབ་གྲྭ་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་ཡུལ་གཙོ་བོ་དང་། ཏང་གི་བསམ་བློ་གཞུང་ལུགས་འཐབ་ཕྱོགས་གལ་ཆེན་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ནས། སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་པ། དྲིལ་སྒྲོག་འཆད་འགྲེལ་དང་སྦྱངས་པ་གོ་ཆོད་ལ་དབྱེ་ཞིབ་བྱེད་པའི་སྟེང་སྔོན་དུ་དཔེ་སྟོན་བྱེད་པ་དང་མདུན་གྲལ་དུ་བསྐྱོད་དགོས། ཏང་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཏང་ལ་ཐབས་འདོན་ཇུས་འབུལ་བྱས་ནས་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ཆུ་ཚད་མཐོ་རུ་གཏོང་བར་དམ་དུ་དམིགས་ནས། ཏང་གི་གསར་གཏོད་གཞུང་ལུགས་སློབ་གསོ་དམ་འཛིན་བྱེད་རྒྱུ་འབུར་ཐོན་བྱེད་པ་དང་། ཏང་གཤིས་སློབ་གསོ་དམ་འཛིན་ཡག་པོ་བྱེད་པ། འགན་སྒྲུབ་ནུས་པའི་གསོ་སྦྱོང་དམ་འཛིན་བྱེད་པ། གཞུང་ལུགས་ཞིབ་འཇུག་དང་ཐབས་ཇུས་བློ་འདྲི་དམ་འཛིན་ཡག་པོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མ་ལག་ཅན་དང་གཞུང་ལུགས་ཅན་གྱི་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་གཞུང་ལུགས་གསར་གཏོད་ཀྱི་འཕེལ་རིམ་དང་ལག་ལེན་འཕེལ་རྒྱས་ལེགས་སྒྱུར་གྱི་རིག་གཞུང་ཚན་ཁག་འཛུགས་སྐྲུན་གྱི་རྗེས་སུ་དམ་པོར་འབྲངས་ནས། ཀྲུང་གོའི་རང་བདག་ཤེས་བྱའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གིས་ཏང་གི་སློབ་གྲྭའི་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ་དང་། རིམ་པ་སོ་སོའི་ཏང་ཨུས་ཏང་གི་སློབ་གྲྭ་སྒྲུབ་པ་དང་ཏང་གི་སློབ་གྲྭར་དོ་དམ་བྱེད་པ། ཏང་གི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སློབ་གྲྭ་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འགོ་ཁྲིད་ཚན་ཁག་དང་ལས་བྱེད་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་དང་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རིམ་པ་སོ་སོ་དང་རིགས་མི་འདྲ་བའི་ཏང་གི་སློབ་གྲྭ་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས།