ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས21ཉིན་གུང་གཞོན་ཚོགས་པའི་ཀྲུང་དབྱང་ནས་རྒྱུས་ལོན་པ་ལྟར་ན། ས་གནས་སོ་སོ་དང་སློབ་གྲྭ་ཆེན་མོ་སོ་སོས2026ལོར་གསར་དུ་བསྡུས་པའི་སློབ་ཆེན་སློབ་མའི་ཞབས་ཞུ་རུ་མི་ནུབ་རྒྱུད་འཆར་གཞིའི་ནང་ཞུགས་པའི་མི་གྲངས་ཁྲི5.3ལྷག་ཉེ་ཆར་རིམ་བཞིན་ལམ་ལ་ཆས་ཏེ། ཞིན་ཅང་དང་བོད་ལྗོངས། ཀུའེ་ཀྲོའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)27དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་དེ་ཞབས་ཞུའི་ལས་དོན་སྤེལ་བཞིན་ཡོད།
རྒྱུས་ལོན་པ་ལྟར་ན། ད་ལོར་གསར་དུ་བསྡུས་པའི་དང་བླངས་པ་རྣམས་ཀྱིས་གྲོང་གསེབ་ཀྱི་སློབ་གསོ་དང་། གྲོང་གསེབ་འཛུགས་སྐྲུན། བདེ་ཐང་གྲོང་གསེབ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། རྒྱལ་སྲུང་མཐའ་སྲུང། གཞི་རིམ་གྱི་གཞོན་ནུ་ལས་དོན་སོགས་ལ་དམིགས་ནས། ལོ1ནས3བར་གྱི་ཞབས་ཞུ་སྒྲུབ་རྒྱུ་ཡིན་པ་དང་། ཞབས་ཞུའི་ལས་གནས90%ཡན་ནི་ཤང་གྲོང་མན་ཆད་ཡིན།
ཤེས་གསལ་ལྟར་ན། དུས་རབས་གསར་པ་ཚུན་དུ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཁྲི40ལྷག་གིས་ཏང་གི་འབོད་སྐུལ་དང་ལེན་བྱས་ཏེ། ནུབ་ཕྱོགས་དང་ཞིང་གྲོང། གཞི་རིམ་བཅས་སུ་དང་བླངས་ཞབས་ཞུ་བསྒྲུབས་ཤིང་། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མཐའ་དར་དམངས་ཕྱུག་དང་མཐའ་མཚམས་བརྟན་བརླིང་ཡོང་བར་ནུས་པ་ཆེན་པོ་བཏོན་ཡོད། །
