རྨ་ཀླུང་ཕྱུག་མོས་བཅུད་ཀྱིས་གཏམས་པའི་བདེ་སྐྱིད་སྡེ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྨ་ཆུའི་ཟམ་ཆེན།

བདེ་སྐྱིད་སྡེ་བ་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་ཤར་ལྷོའི་ཕྱོགས་སུ་ཆགས་ཡོད། སྔོན་ཆད་གྲམ་ཐང་དུ་ལུས་པའི་རྨ་ཆུའི་འགྲམ་ངོགས་ཏེ་སྡེ་གསར་གནས་སྤོ་དང་སྐྱེ་ཁམས་སྲུང་སྐྱོབ། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་གོ་སྐབས་དང་བསྟུན་འཕོ་འགྱུར་ཆེན་པོ་བྱུང་སྟེ། རིགས་སོ་སོའི་མང་ཚོགས་བདེ་སྡོད་དང་ཚོང་གཉེར་བྱེད་པ། ཡུལ་སྐོར་པ་མང་པོ་ཡོང་སའི་མཐོ་སྒང་གི་བདེ་སྐྱིད་ལྡན་པའི་སྡེ་གསར་ཞིག་ཏུ་གྱུར་ཡོད།

ཏན་ཞ་ས་གཤིས་དང་རྨ་ཆུ་སྔོན་མོའི་མཛེས་ལྗོངས།

རྨ་ཆུ་སྔོན་མོ་རི་རབ་ཀྱི་ཁོང་གསེང་ནས་དལ་བུར་བཞུར་ཏེ་ཡུལ་འདིའི་མཛེས་པ་ལ་འཁྲེང་སྟེ་རེ་ཞིག་ལྷོད་ཀྱིག་གེར་འཁྱིལ་འདུག་ཅིང་། བོད་ལུགས་ཀྱི་སྡོད་ཁང་མང་པོ་གྲལ་དག་གིས་རྨ་ཆུའི་ངོགས་སུ་འཛུགས་སྐྲུན་བྱས་ཡོད། དེ་མིན་ལྗོངས་གཟིགས་ལམ་དང་རྨ་ཆུའི་སྤྲོ་གསེང་བྱེ་ཐང་། དམངས་སྲོལ་རིག་གནས་ཐང་ཆེན། ཆུ་ཐོག་ཡུལ་སྐོར་གྲུ་ཁ་སོགས་གཞི་གཅིག་ཏེ་སྦྲེལ་པའི་དེང་རབས་ཅན་གྱི་གྲོང་གསེབ་རྣམ་པ་གསར་པ་ཞིག་ཀུན་གྱི་སྤྱན་ལམ་མངོན།

ཏན་ཞ་ས་གཤིས་དང་རྨ་ཆུ་སྔོན་མོའི་མཛེས་ཉམས།

རྨ་ཀླུང་ཕྱུག་མོས་ས་གཞི་བཅུད་ཀྱི་གཏམས། སྡེ་གསར་མང་ཚོགས་སྐྱིད་པའི་དཔལ་ལ་རོལ། བྱེ་ཐང་དུ་བྱིས་པ་རྣམས་རྩེད་འཇོར་རོལ་ཅིང་། རྨ་ཆུའི་འགྲམ་ངོགས་ཀྱི་ལྗོངས་ལམ་དུ་འཆམ་འཆམ་དུ་འགྲོ་བཞིན་པའི་ཡུལ་སྐོར་པ།  ཁྱད་ཆོས་ལྡན་པའི་དམངས་སྲོལ་མགྲོན་ཁང་དང་བོད་ལུགས་ར་སྐོར་ནང་གི་དགའ་སྤྲོའི་དགོད་སྒྲ་སོགས་ས་གནས་ཅི་རིགས་ནས་ཐོན་པའི་ཡུལ་སྐོར་པས་རྨ་ཆུའི་ངོགས་ཀྱི་སྤྲོ་སྐྱིད་དང་བོད་ཁུལ་གྱི་དམངས་སྲོལ་རིག་གནས་མྱོང་རོལ་བྱེད་བཞིན་ཡོད། དེ་སྔའི་རི་མ་ས་ཁུལ་དུ་ཆགས་པའི་དབུལ་ཕོངས་ཁྱིམ་ཚང་ནས་ད་ལྟའི་རང་ཁྱིམ་གྱི་སྒོ་ཁར་དམངས་སྲོལ་མགྲོན་ཁང་དང་ཁྱད་ལྡན་ལས་རིགས་ཚོང་གཉེར་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་འབབ་རེག་བཞིན“སྐྱེ་ཁམས་ཡུལ་སྐོར+དམངས་སྲོལ་ཤུལ་བཞག+ཁྱད་ལྡན་ཐོན་ལས”བཅས་གཞི་གཅིག་ཏུ་འདྲེས་པའི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་བཞིན་པའི་བདེ་སྐྱིད་སྡེ་བ་རུ་གྱུར།

རྨ་ཆུ་སྔོན་མོ་དང་དེའི་འགྲམ་ངོགས་སུ་ཆགས་པའི་བདེ་སྐྱིད་སྡེ་བ།

རྨ་ཆུའི་མཛེས་ལྗོངས་དང་སྡེ་བའི་རྣམ་པ།

བདེ་སྐྱིད་སྡེ་བ་རུ་པར་བསྐྱོན་པའི་རྨ་ཆུའི་ཟམ་ཆེན།

ཡུལ་སྐོར་པས་རྨ་ཆུའི་འགྲམ་དུ་པར་བསྐྱོན་བཞིན་པའི་ཚུལ།

རྨ་ཆུའི་ངོགས་སུ་ཆགས་པའི་བདེ་སྐྱིད་སྡེ་བ།

ཏན་ཞ་ས་གཤིས་དང་རྨ་ཆུ་སྔོན་མོའི་མཛེས་པ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།