ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་“ཅན་གསུམ”འཛུགས་སྐྲུན་ལོའི་བྱ་སྤྱོད་སླར་ཡང་གཅིག་བསྡུས་སྒོས་ལོ་གཉིས་ཀྱི་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི“སྒྲིག་བཤེར་ལྟ་ཞིབ་བྱ་བ་ཚད་གཞི་ཅན་དང་ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་འཛུགས་སྐྲུན་ལོའི”བྱ་སྤྱོད་ཐད་སླར་ཡང་གཅིག་བསྡུས་སྒོས་ལོ་གཉིས་ཀྱི་བྱ་བར་དམ་འཛིན་བྱེད་པའི་སྐུལ་འདེད་ཚོགས་འདུ་བསྡུས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ། “ཅན་གསུམ”འཛུགས་སྐྲུན་གྱི་ཕན་འབྲས་གསར་པར་བརྟེན་ནས་སྒྲིག་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་མེ་ཕིང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ལས2025ལོ་ནས་བཟུང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། དངོས་སྒྲུབ་དོན་གཉེར་དང་། གཙོ་གནད་དམ་འཛིན། ཟུང་འབྲེལ་མཉམ་འདྲེས་བཅས་རྒྱུན་འཁྱོངས་བྱས་པས། “ཅན་གསུམ”འཛུགས་སྐྲུན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས“ཅན་གསུམ”འཛུགས་སྐྲུན་ལ་རྒྱུན་མཐུད་ངང་དམ་འཛིན་ནན་མོ་བྱེད་པ་དང་། སྒྲིག་སྲོལ་དང་སྒྲིག་ཁྲིམས། བཅའ་ཁྲིམས་ལྟར་གྱོད་གཞི་ཞིབ་གཅོད་བྱེད་པའི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་དཔུང་ཁག་འཛུགས་སྐྲུན་དང་། སྒྲིག་ཁྲིམས་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་པ། “བསམ་བཀོད་གཅིག”ལ་སྐུལ་འདེད་གཏོང་བ། འཛུགས་སྐྲུན་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་གྲུབ་འབྲས་གསར་པ་སྔར་ལས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་ལས་རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། བྱ་བའི་ཕན་འབྲས་ལ་བརྟེན་ནས“ཅན་གསུམ”འཛུགས་སྐྲུན་ལོའི་བྱ་སྤྱོད་ཀྱི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་དང་སློབ་གསོ་དམ་འཛིན་ཏན་ཏིག་བྱེད་པ། སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་རྒོལ་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་དང་འགག་སྒྲོལ་ཐག་གཅོད་བྱེད་པ། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་སོགས་ཀྱི་ཐད་ལ་གནོན་ཤུགས་སྤྲད་དེ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་སྤུས་ཚད་མཐོ་བའི་ཡོངས་འགྲུབ་བྱེད་པ་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་བསྡུས་པ་དང་། ལས་ཁུངས་བདུན་གྱིས་བརྗེ་རེས་གཏམ་བཤད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།