རྒྱལ་ཡོངས་ཀྱི་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི“རྨ་ཆུའི་མགོ་ཁུངས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཞེས་པ་བརྗོད་གཞི་བྱས་པའི་ལྟ་སྐུལ་ཞིབ་འཇུག་དང་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ངོ་སྤྲོད་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས20ཉིན། རྒྱལ་ཡོངས་ཀྱི་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི“རྨ་ཆུའི་མགོ་ཁུངས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཞེས་པ་བརྗོད་གཞི་བྱས་པའི་ལྟ་སྐུལ་ཞིབ་འཇུག་དང་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ངོ་སྤྲོད་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་བསྡུས།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ལི་ཧྭེ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཡིས་འགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས།

མཱ་ལི་ཧྭེ་ཡིས་བསྟན་དོན། དམངས་གཙོ་ལྟ་སྐུལ་ནི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣར་སྤྲད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་རྒྱལ་ཁབ་ལ་ཞབས་ཞུ་བྱེད་པའི་སྤྱི་ཡོངས་བྱ་བའི་ཁ་ཕྱོགས་གཙོ་བོ་ཡིན། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་གྱི་ཡུལ་དངོས་དང་པོར་ཟབ་ཞུགས་བྱས་ཏེ། སྐྱེ་ཁམས་ཀྱི་སྲུང་སྐྱོབ་དང་ཐོན་ལས་ཚུལ་བསྒྱུར། དམངས་འཚོ་བཅོས་བསྒྱུར་བཅས་ལ་གཞིགས་ནས། ས་གནས་ཀྱི་ཏང་ཨུ་སྲིད་གཞུང་དང་མཉམ་དུ་ལས་འགན་ལེགས་འགྲུབ་བྱེད་དགོས་ལ། ཆེད་ལས་ཤེས་བྱ་དེ་དངོས་ཕན་གྱི་བྱེད་ཐབས་སུ་བསྒྱུར་ནས། སེམས་ཤུགས་གཅིག་སྒྲིལ་སྒོས་དུས་རབས་གསར་བའི་རྨ་ཆུའི་མགོ་ཁུངས་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ལེགས་པོར་འཆད་དགོས།

པད་གོ་ཡིས་བསྟན་དོན། དམངས་གཙོའི་ལྟ་སྐུལ་ནི་དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་དམངས་གཙོའི་ལྟ་སྐུལ་གྱིབགྲོད་ལམ་རྒྱ་སྐྱེད་པ་དང་། ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་བ”དངོས་འབེབས་བྱེད་པར་དོན་སྙིང་གལ་ཆེན་ལྡན། འཇོན་མི་དང་རིག་ནུས། ཐོན་ཁུངས་བཅས་ཀྱི་ལེགས་ཆ་གཅིག་བསྡུས་བྱས་ཏེ། རིག་མཛོད་སྟོབས་ཤུགས་ལ་བརྟེན་ནས་རྨ་ཆུའི་མགོ་ཁུངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་ཇུས་ཕུན་སུམ་ཚོགས་པའི་རིག་ལམ་འདོན་སྤྲོད་བྱེད་དགོས།

ཚོགས་འདུའི་སྟེང་། ཀྲུང་གོ་ཚན་རིག་སློབ་གླིང་གི་ཡོན་ཧྲི། ལྟ་སྐུལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཧྥན་ཅེ་ཡིས་ལྟ་སྐུལ་ཞིབ་འཇུག་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་འགན་ཁུར་བློ་མཐུན་གཙོ་བོས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཞེང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཆུ་བེད་ཐིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

ལྟ་སྐུལ་ཞིབ་འཇུག་ཚོགས་པའི་ཁོངས་མི། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། ཞིང་ཆེན་གྱི་ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མི་བཅས་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།