
ཟླ7པའི་ཚེས20ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་པེ་ཅིན་སྐད་ཡིག་སློབ་ཆེན་གྱི་སློབ་གཙོ་ཏོན་ཕེང་འཁོར་དང་བཅས་པར་བཞུགས་མོལ་གནང་།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས20ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་པེ་ཅིན་སྐད་ཡིག་སློབ་ཆེན་གྱི་སློབ་གཙོ་ཏོན་ཕེང་འཁོར་དང་བཅས་པར་བཞུགས་མོལ་གནང་།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཏོན་ཕེང་འཁོར་དང་བཅས་པ་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། པེ་ཅིན་སྐད་ཡིག་སློབ་ཆེན་གྱིས་དུས་ཡུན་རིང་པོར་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་ཐེངས་གསུམ་གནང་བ་དང་། རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ཞུགས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསལ་བོར་བསྟན་ཡོད། པེ་ཅིན་སྐད་ཡིག་སློབ་ཆེན་གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་ཆོས་བརྗེ་རེས་དང་། ས་ཁོངས་རྒྱལ་ཁབ་ཀྱི་ཞིབ་འཇུག རྒྱལ་སྤྱིའི་རྒྱ་ཡིག་སློབ་གསོ་སོགས་ཀྱི་ཁྱབ་ཁོངས་སུ་རིག་གཞུང་ཚན་ཁག་གི་དགེ་མཚན་དང་ལས་རིགས་ཀྱི་ཤུགས་རྐྱེན་ཟབ་མོ་ལྡན་པ་དང་། མཚོ་སྔོན་གྱི་མི་རིགས་དགེ་རྒན་ལ་རྒྱུད་རིམ་ལྡན་པའི་གསོ་སྦྱོང་དང་། སྐད་གཉིས་སློབ་ཁྲིད་དང་སློབ་ཞིབ། རིག་གནས་དྲིལ་བསྒྲགས་བརྗེ་རེས་སོགས་ཀྱི་ཐད་གཏིང་ཟབ་པའི་མཉམ་ལས་དང་རྨང་གཞི་བརྟན་པོ་བཏིང་ཡོད། པེ་ཅིན་སྐད་ཡིག་སློབ་ཆེན་གྱིས་ཟམ་པ་དང་སྒྲོག་ཐག ཕོ་ཉའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། ཞིབ་འཇུག་གི་གྲུབ་འབྲས་དང་སློབ་གསོའི་ཐོན་ཁུངས་སྔར་ལས་མང་བ་མཚོ་སྔོན་དུ་རྩ་བ་ཚུགས་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱིས་ཨེ་ཤ་ཡ་དབུས་མ་དང་ཨེ་ཤ་ཡ་ལྷོ་མ། དེ་མིན་འཛམ་གླིང་ས་གནས་སོ་སོ་དང་འགྲོ་འོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་གཏམ་རྒྱུད་རྒྱུན་མཐུད་ངང་ཡག་པོར་བཤད་པ་དང་། མཛེས་སྡུག་གི་མཚོ་སྔོན་འཛམ་གླིང་ཕྱོགས་སུ་བསྐྱོད་དེ། ཕྱི་རྒྱལ་གྱི་གྲོགས་པོ་སྔར་ལས་མང་པོ་མཚོ་སྔོན་ལ་ཕེབས་སུ་འཇུག་དགོས།
ཏོན་ཕེང་གིས་བསྟན་དོན། པེ་ཅིན་སྐད་ཡིག་སློབ་ཆེན་གྱིས་མཚོ་སྔོན་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བའི་དགོས་མཁོ་དང་ཧུར་ཐག་གིས་སྦྲེལ་མཐུད་བྱས་ཏེ། རིག་ཚན་དང་ཤེས་ལྡན་མི་སྣ། ལས་སྟེགས་སོགས་ཐད་ཀྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། དཔྱད་གཞི་ཞིབ་འཇུག་དང་རྒྱལ་སྤྱིའི་ཁྱབ་སྤེལ་སོགས་ཀྱི་ཐད་དངོས་སྒྲུབ་མཉམ་ལས་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་བརྗེ་རེས་དང་དཔལ་ཡོན་སྦྱོང་རེས་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་ཡིན།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ཏ་ནན་དང་དབྱང་ཀྲི་ཝུན་བཞུགས་མོལ་ལ་ཞུགས་པ་རེད། །