ཟླ7པའི་ཚེས13ནས་ཚེས17ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཁང་རྟོག་ཞིབ་ཚན་ཆུང་ཧེ་ལུང་ཅང་ཞིང་ཆེན་དུ་བསྐྱོད་དེ། ལས་ཁུངས་ཀྱི་ལས་དོན་དོ་དམ་གྱི་ས་གནས་ཁྲིམས་འཛུགས་བྱ་བར་དམིགས་ནས་སློབ་སྦྱོང་རྟོག་ཞིབ་དང་བྱ་བའི་བརྗེ་རེས་བྱས།
རྟོག་ཞིབ་ཚན་ཆུང་གིས་ལས་ཁུངས་ཀྱི་འཁོར་སྐྱོད་འགན་ལེན་ཚད་ལྡན་དུ་གཏོང་བ་དང་ལས་ཁུངས་ཀྱི་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས། ཧེ་ལུང་ཅང་ཞིང་ཆེན་གྱི་ལས་ཁུངས་ལས་དོན་དོ་དམ་གྱི་ཁྲིམས་འཛུགས་ལེགས་འགྲུབ་ཉམས་མྱོང་དང་དངོས་སྦྱོང་བྱ་ཐབས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས། ཧེ་ལུང་ཅང་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་སྡོད་ཁང་དང་། ཧའར་པིན་གྲོང་ཁྱེར་གྱི་ཏང་སྲིད་གཞུང་ལས་ཁུལ། ཏ་ཆིང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་བཟའ་བཏུང་ཞབས་ཞུའི་ལྟེ་གནས་སོགས་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་དང་། ས་གནས་དེ་གའི་ལས་ཁུངས་ཀྱི་ལས་དོན་དོ་དམ་ཆ་འགྲིག་ལམ་ལུགས་དང་། ཚད་ལྡན་ཅན་འཛུགས་སྐྲུན། གྲོན་དངུལ་ལེགས་བསྡུས་ཞིབ་གཉེར་དོ་དམ་ཚོད་འཛིན། གྲངས་ཀ་ཅན་གྱི་དོ་དམ་ལས་སྟེགས་འཛུགས་སྐྲུན་སོགས་ཀྱི་བྱེད་ཐབས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པར་མ་ཟད། ཧེ་ལུང་ཅང་ཞིང་ཆེན་གྱི་དམངས་ཆེན་དང་ཞིང་ཆེན་དང་གྲོང་ཁྱེར་ལས་ཁུངས་ཀྱི་ལས་དོན་དོ་དམ་སྡེ་ཁག་ཏུ་བཞུགས་མོལ་བརྗེ་རེས་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཧེ་ལུང་ཅང་ཞིང་ཆེན་གྱིས་རང་ས་གནས་ལས་ཁུངས་ཀྱི་འཁོར་སྐྱོད་དོན་དངོས་ལ་རྐང་བཙུགས་ཏེ། ཁྲིམས་འཛུགས་ཇུས་འགོད་ཀྱིས་ལས་ཁུངས་ཀྱི་ཐོན་ཁུངས་ཁ་ཐོར་དང་། དོ་དམ་ཚད་གཞི་གཅིག་གྱུར་མིན་པ། འགན་སྲུང་ཕན་ནུས་མི་འདང་བ་སོགས་ཀྱི་འབུར་ཐོན་གནད་དོན་གནད་ལ་འཁེལ་བའི་སྒོ་ནས་ཐག་གཅོད་བྱས་པ་དང་། ལམ་ལུགས་ཀྱི་གྲུབ་འབྲས་ཁག་དགོས་མཁོ་དངོས་དང་མཐུན་ཞིང་། ལག་ལེན་གྱི་ཕན་འབྲས་འབུར་དུ་ཐོན་པས། རང་ཞིང་གི་ཁྲིམས་འཛུགས་གནད་འཁེལ་རང་བཞིན་དང་དངོས་སྤྱོད་རང་བཞིན་མཐོར་འདེགས་གཏོང་བར་དཔྱད་གཞིའི་རིན་ཐང་གལ་ཆེན་ལྡན། ཐེངས་འདིའི་རྟོག་ཞིབ་དང་སློབ་སྦྱོང་གི་གྲུབ་འབྲས་ཁྱོན་ཡོངས་ནས་ལེགས་སྒྲིག་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་དེ་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་རྒྱུན་འཁྱོངས་བྱེད་པ། རང་ཞིང་གི་ལས་ཁུངས་འཁོར་སྐྱོད་ཀྱི་ད་ལྟའི་གནས་ཚུལ་དང་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཞིང་ཆེན་གཞན་པའི་གནད་འཁེལ་འཐུས་ཚང་གི་ལམ་ལུགས་དང་ལམ་སྲོལ་རྒྱུད་རིམ་ལྡན་པའི་སྒོ་ནས་གདམ་གསེས་བཅས་བྱས་ཏེ། རང་ཞིང་གི་ཁྲིམས་འཛུགས་བསམ་ཕྱོགས་དང་དོན་ཚན་ཇུས་འགོད་ཐད་འོས་འཚམ་གྱིས་བསྒྱུར་དགོས་པ་མ་ཟད། ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་། རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་། རྒྱུ་ནོར་དོ་དམ་སོགས་ཐུན་མོང་རང་བཞིན་གྱི་བཅོས་སྐྱོང་དཀའ་བའི་ཐད་ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། སྔོན་ཐོན་ས་ཁུལ་གྱི་ཚད་ལྡན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་དོ་དམ་ཉམས་མྱོང་བསྡུ་ལེན་གང་ལེགས་བྱེད་པ། ཁྲིམས་འཛུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། རང་ཞིང་གི་ལས་ཁུངས་ལས་དོན་དོ་དམ་ས་གནས་ཀྱི་ཁྲིམས་འཛུགས་བྱ་བར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ། ལས་ཁུངས་ལས་དོན་བཅོས་སྐྱོང་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།