ཟླ7པའི་ཚེས17ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས་རེ་དགུ་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་འགོ་འཛིན་བྱས། ལིའུ་ཐུང་ཏི་དང་། ཀྲང་ཧོང་ཡོན། ལོའུ་ཀང་། ཚའེ་ཁྲེན་ཡུང་། ཁྲེན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་འབྲེལ་ཡོད་མི་དོན་ལས་ཚན་གྱི་གསལ་བཤད་ལ་ཉན། 《མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོབ་སྲོལ་ཡིག་བཟོ་བཅོས་འཆར་ཟིན》དང་། 《མཚོ་སྔོན་ཞིང་ཆེན་གྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས〉བྱེད་ཐབས་ལག་བསྟར་གྱི་བཟོ་བཅོས་འཆར་ཟིན》བཟོ་བཅོས་གནས་ཚུལ་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་སྐུལ་འདེད་སྲོལ་ཡིག་གི་འཆར་ཟིན》དང་།《མཚོ་སྔོན་ཞིང་ཆེན་གྱི་སྐུད་མེད་གློག་དོ་དམ་སྲོལ་ཡིག་གི་འཆར་ཟིན།》《མཚོ་སྔོན་ཞིང་ཆེན་གྱི་སྤྱི་བའི་རིག་གནས་ཞབས་ཞུའི་འགན་སྲུང་སྲོལ་ཡིག་གི་འཆར་ཟིན།》《མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་ལས་དོན་དོ་དམ་སྲོལ་ཡིག་གི་འཆར་ཟིན》བཅས་ཀྱི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་གྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་བཅའ་ཁྲིམས〉བྱེད་ཐབས་བཟོ་བཅོས་འཆར་ཟིན་ལག་བསྟར་བྱེད་པའི》མ་དཔེ་ཚབ་མ་འགོད་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། 《ཟི་ལིང་གྲོང་ཁྱེར་གྱི་ཞུ་གཏུག་ལ་ངེས་ལན་ཡོད་པ་དང་མྱུར་དུ་སྒྲུབ་པའི་སྲོལ་ཡིག》དང་། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་མཛོད་ཁུལ་དོ་དམ་སྲོལ་ཡིག》《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་གཅིག་སྡུས་དྲོད་འདོན་སྲོལ་ཡིག》《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཁོངས་ཧྲིལ་བོའི་སྙིགས་མེད་དོ་དམ་སྲོལ་ཡིག》བཅས་ཀྱི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིང་གཞུང་གི2026ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་གྱི་སྙན་ཞུ》དང་། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2026ལོའི་ལོ་སྟོད་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་གྱི་སྙན་ཞུ》《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་འཆར་ཟིན་གྱི་སྙན་ཞུ》《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་སྤྲོད་གཞན་པའི་རྩིས་བཤེར་བྱ་བའི་སྙན་ཞུ》《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2026ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་སྟེར་རྒྱུ་མ་ཟད་གཏོང་སྤྲོད་སྔོན་རྩིས་འོས་འཚམ་ལེགས་སྒྲིག་སྐོར་གྱི་སྙན་ཞུ》བཅས་ཀྱི་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་སྐྱེ་ཁམས་ཁོར་ཡུག་ཞིབ་བཤེར་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུའི》གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། 《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྐོར་གྱི་སྙན་ཞུའི》སྙན་ཞུར་ཉན། མི་དོན་བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་གོང་གསལ་གྱི་གྲོས་གཞི་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་ཉིན་རིམ་འཆར་ཟིན་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་ཉིན་རིམ་བཀོད་སྒྲིག་གི་འཆར་ཟིན་དེར་འཐད་པ་བྱུང་ཞིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་སྤྲོད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གྲོས་ཞིབ་ཀྱི་བསམ་ཚུལ་སྐུལ་སྒྲུབ་བྱ་བའི་བྱེད་ཐབས་ལ་ཤུགས་སྣོན་པའི》བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་སྙན་ཞུ་དེར་འཐད་པ་བྱུང་།