2026ལོའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་གཞོན་ནུ་ཤེས་ལྡན་པའི་གླེང་སྟེགས་དང“མདེལ་གཉིས་སྐར་གཅིག”གི་དགོངས་དོན་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་འཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ7པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཇོན་མིའི་ལས་དོན་འགོ་ཁྲིད་ཚན་ཆུང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་འགན་སྒྲུབ་བྱས་པའི། 2026ལོའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་གཞོན་ནུ་ཤེས་ལྡན་པའི་གླེང་སྟེགས་དང“མདེལ་གཉིས་སྐར་གཅིག”གི་དགོངས་དོན་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་འཚོགས། རྒྱལ་ཡོངས་ནས་ཡོང་བའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆེད་མཁས་པ་དང་། རྒྱལ་ནང་གི་སྐད་གྲགས་ཆེ་བའི་མཐོ་རིམ་སློབ་ཆེན་གྱི་གཞོན་ནུ་འབུམ་རམས་པའི་དགེ་སློབ་འཐུས་མི། “མདེལ་གཉིས་སྐར་གཅིག”གི་དགོངས་པར་ཞིབ་འཇུག་བྱེད་མཁན་གྱི་མཁས་དབང་། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་སོ་སོའི་མར་ཁེ་སི་རིང་ལུགས་སློབ་གླིང་གི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་འཐུས་མི་བཅས་ཚོགས་འདུར་ཞུགས།

ད་ཐེངས་ཀྱི“མདེལ་གཉིས་སྐར་གཅིག”གི་དགོངས་དོན་བགྲོ་གླེང་ཚོགས་འདུའི་སྟེང་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། “རིགས་པའི་གཞུང་ལུགས་ཀྱིས་ཁ་ཕྱོགས་གསལ་པོར་སྣེ་ཁྲིད་བྱེད་པ་དང་སྙིང་སྟོབས་ཀྱིས་བླ་སྲོག་གསོ་སྐྱོང་དང་འགན་འཁྲི་འཁུར་དགོས་པ”བརྗོད་དོན་གཙོ་བོར་བཟུང་ཡོད་ཅིང་། དེའི་དམིགས་ཡུལ་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཉམས་མྱོང་དང་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་རྒྱ་ཁྱབ་ངང་སྤེལ་རེས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་རིག་ཚན་གྱི་མདུན་གྲལ་ཞིབ་འཇུག་དང་གཞོན་ནུ་འཇོན་མི་གསོ་སྐྱོང་གི་ལག་ལེན་ལ་བགྲོ་གླེང་གཏིང་ཟབ་བྱེད་པ། མར་ཁེ་སི་རིགས་པའི་གཞུང་ལུགས་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་དགོངས་པ་བསམ་བློ་ཆབ་སྲིད་སློབ་གསོ་དང་རིག་གནས་དྲིལ་སྒྲོག་ནང་མཉམ་འདྲེས་བྱེད་པའི་གསར་གཏོད་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་པ་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་དང་བླ་སྲོག་སྐྲུན་པ་དང་མི་གསོ་སྐྱོང་བྱ་རྒྱུར་སྔར་ལས་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་ལང་ཚོའི་སྟོབས་ཤུགས་གཅིག་སྡུད་བྱ་ཆེད་ཡིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།