ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ7པའི་ཚེས17ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་རེ་དྲུག་པ་བསྡུས་ཏེ།  ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་ཚོགས་འདུར་འགོ་འཛིན་བྱས། ཀྲང་ཧོང་ཡོན་དང་ལུའི་ཀང་། ཚའེ་ཁྲེང་ཡུང་། ཁྲེན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས་པ་དང་། ལིའུ་ཐུང་ཏེ་ཟུར་ཞུགས་བྱས།

གྲོས་ཚོགས་ལས་བསྟན་དོན། ནུས་ཤུགས་ཡོད་རྒུས་ཆུ་ལོག་སྔོན་འགོག་གནོད་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཤར་ནུབ་རྒྱུད་མཉམ་ལས་ཡག་པོ་སྒྲུབ་པ་སོགས་ཀྱི་ལས་ཀའི་བླང་བྱར་དམིགས་ཏེ། དམངས་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། གཞི་གཅིག་རྣམ་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ཡང་དག་བླངས་ཏེ། དངོས་འབེབས་དོན་འཁྱོལ་བྱ་བ་དམ་པོར་འཛིན་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ། དམངས་ཆེན་གྱིས་ ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་ཟུང་འབྲེལ་བྱས་ནས། དམངས་ཆེན་གྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་ཐུབ་པར་སྐུལ་འདེད་གཏོང་དགོས། ཡིད་ཆེས་བརྟན་གཏོང་དང་མུ་མཐུད་འབད་འཐབ་བྱས་ཏེ། ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་དམངས་ཆེན་ལས་དོན་ཡག་པོ་སྒྲུབ་པའི་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱས་ནས། དམངས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་ཐུས་ཚང་ཡག་པོ་གཏོང་བ། འཁོར་སྐྱོད་ཡག་པོ་བཅས་བྱས་ནས། ལམ་ལུགས་ཀྱི་བགྲོད་ལམ་སྟེང་དམངས་ཆེན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མི་དམངས་གོང་དུ་བཀུར་བ་རྒྱུན་འཁྱོངས་དང་མ་མཐའི་མཚམས་ཐིག་བརྟན་སྲུང་བྱས་ཏེ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། བདེ་འཇགས་སྔོན་འགོག་བྱེད་ཐབས་ཁག་དོན་འཁྱོལ་ནན་མོ་བྱས་ནས། “དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་མི་བྱེད་པའི”འགན་འཁྲི་འཁུར་སེམས་ལ་བརྟེན་ནས། ཆུ་ལོག་སྔོན་འགོག་གནོད་སེལ་གྱི་འབྲེལ་ཡོད་ལས་དོན་ཡག་པོར་སྒྲུབ་དགོས། ཡུལ་བབ་དང་བསྟུན་པ་དང་ཡུན་རིང་བྱས་རྗེས་བཞག་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་དམིགས་ཏེ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་སྐྱོང་བྱེད་སྟངས་ལ་བརྟེན་ནས་འཚོ་སྡོད་དང་ལས་རིགས་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ད་དུང་གཞུང་སྒྲུབ་ཐིང་གིས《སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“དོན་དངོས་བཅུ”ཡག་པོ་སྒྲུབ་པར》སྐུལ་འདེད་བཏང་བའི་གནས་ཚུལ་སོགས་ཀྱི་སྙན་ཞུར་ཉན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།