ད་ལོ་ནས་བཟུང་ཟི་ལིང་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི“གཙོ་བོ་འཁུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི”རྩིས་ཐོ་གསུམ་གྱི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས“ནུས་ལྡན་ནོར་སྲིད”ཀྱི་ལས་ཀའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ནས“ཡོང་སྒོ་འཕར་གཏོང་གྲོན་ཆུང་དང་ཉེན་ཁ་སྔོན་འགོག་ཚོད་འཛིན”སོགས་གཙོ་གནད་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། ཟླ6པའི་ཚེས30ཉིན་བར་དུས་ཚོད་ཕྱེད་ཀ་ལས་བརྒལ་བ་དང་ལས་འགན་ཕྱེད་ཀ་ལས་བརྒལ་བའི་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱུང་བ་རེད།
ཟླ1པོ་ནས་ཟླ6པའི་བར་ཟི་ལིང་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་ནོར་ཁྲལ་དང་། གྲོང་ཁྱེར་དང་རྫོང(ཆུས)། གླིང་ཁུལ་བཅས་མཉམ་འགུལ་གྱི་བསྡུ་ལེན་དོ་དམ་ལམ་སྲོལ་བཙུགས་ནས་དོན་འཁྱོལ་བྱས་ཏེ། གློག་འབྱེད་ཧ་ཡང་གི་རིན་གོང་མཐོ་རུ་གཏོང་བ་དང་བྱ་དགའ་ཡོད་པའི་འཛིན་ཤོག་ཚོད་ལྟ་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། གཙོ་གནད་ལས་རིགས་ཀྱི་ཁྲལ་ཁུངས་འགུལ་རྣམ་དོ་དམ་ལ་ཤུགས་སྣོན་པ་རེད། དུས་མཉམ་དུ་བེད་མེད་རྒྱུ་ནོར་འཁྲུག་སྤྱོད་དང་། ཁྲལ་མིན་ཡོང་འབབ་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། ནོར་སྲིད་ཡོང་འབབ་ཀྱི་གྲངས་འབོར་དང་སྤུས་ཚད་མཉམ་འཕར་བྱུང་བ་རེད། ཟི་ལིང་གྲོང་ཁྱེར་གྱི་ས་གནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར57ལེགས་གྲུབ་ཟིན་པ་དེ་ཚད་གཞི་གཅིག་མཚུངས་ཀྱི་འཕར་ཚད9.2%ཟིན་པ་དང་ལོ་འཁོར་གྱི་སྔོན་རྩིས53.4%ལེགས་གྲུབ་ཟིན་ནས་གོ་རིམ་ལས་བརྒལ་བའི་མྱུར་ཚད་བརྒྱ་ཆའི་གྲངས3.4ཟིན་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར46.4ཟིན་པ་དེ་ཚད་གཞི་གཅིག་མཚུངས་ཀྱི་འཕར་ཚད16.4%ཟིན་པ་དང་ཁྲལ་བསྡུའི་བསྡུར་ཚ་81.4%ཟིན་པ། ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར10.6ཟིན་པ་དེས་བརྒྱ་ཆ18.6ཟིན་པ་དང་ནོར་སྲིད་ཡོང་འབབ་ཀྱི་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།
གཞན་ཡང་ཟི་ལིང་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་སྔར་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྨང་གཞི་མེད་པའི་སྔོན་རྩིས་དང་དེ་བཞིན་སྔོན་རྩིས་ཧྲིལ་པོ་བརྟོལ་བའི་རྣམ་པའི་དོ་དམ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཁྲིམས་དང་སྒྲིག་སྲོལ་ལྟར་མ་དངུལ་གཏོང་སྒོའི་མྱུར་ཚད་མགྱོགས་སུ་བཏང་བས་ནོར་སྲིད་གཏོང་སྒོ་བརྟན་པོའི་ངང་འཕར་བ་རེད། ཟླ6པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར186.4ཟིན་པ་དེ་དུས་མཚུངས་ལས6.8%འཕར་ནས་ལོ་འཁོར་སྔོན་རྩིས་ཀྱི51%ལེགས་འགྲུབ་བྱུང་བ་དང་། དམངས་འཚོའི་གཏོང་སྒོ་སྒོར་དུང་ཕྱུར150.7ཟིན་པ་དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་བསྡུར་ཚད80.8%ཟིན་ཡོད། དེའི་ནང་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་གཏོང་སྒོ་སྒོར་དུང་ཕྱུར36.9བཏང་ནས་ལས་ཞུགས་རོགས་སྐྱོར་དང་དེ་བཞིན“རྒན་གྲས་གཅིག་དང་ཆུང་གྲས་གཅིག”གི་ཞབས་ཞུ་གཙོ་གནད་ཐོག་འགན་ལེན་བྱས་པ་དང་། སློབ་གསོ་སྔོན་ལ་འགན་ལེན་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས་གཏོང་སྒོ་སྒོར་དུང་ཕྱུར28.9བཏང་བ་དེ་དུས་མཚུངས་ལས10.3%འཕར་བ། རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས་ཁྱབ་ཁོངས་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ་འཕྲོད་བསྟེན་བདེ་ཐང་གི་གཏོང་སྒོ་སྒོར་དུང་ཕྱུར16བཏང་བ་དེ་དུས་མཚུངས་ལས31.2%འཕར་བ། སྡོད་ཁང་འགན་སྲུང་གི་གཏོང་སྒོ་སྒོར་དུང་ཕྱུར12.4ཟིན་པ་དེ26.2%འཕར་ནས་སྡོད་ཁུལ་རྙིང་པ་དང་སྡོད་ཁང་ཁུལ་བསྒྱུར་བཀོད་ཇེ་མགྱོགས་སུ་བཏང་ཡོད། དེ་དང་ཆབས་ཅིག“གསར་གཉིས”ཀྱི་མ་དངུལ་སྒོར་དུང་ཕྱུར2.3བཏང་ནས་སྒྲིག་ཆས་གསར་བརྗེས་དང་ཁྱིམ་སྤྱོད་གློག་ཆས་རྙིང་བརྗེ་ལ་རྒྱབ་སྐྱོར་བྱས་ཏེ་ཁང་པ་ཉོ་བའི་ཁ་གསབ་སྒོར་དུང་ཕྱུར0.6བཀོད་སྒྲིག་བྱས་པ་དང་།“གལ་ཆེན་གཉིས”ཀྱི་མ་དངུལ་སྒོར་དུང་ཕྱུར8.9དོན་འཁྱོལ་བྱས་ནས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱས་ཡོད། །