ཟླ7པའི་ཚེས16ཉིན། 2026ལོའི་མཚོ་སྔོན་དག་གཙང་ནུས་ཁུངས་འཕེལ་རྒྱས་གླེང་སྟེགས་དེ་ཟི་ལིང་དུ་ཚོགས་ཤིང་།"མཚོ་སྔོན་འོད་ཀྱིས་བརྒྱན། དྲོད་ཀྱིས་ལམ་གསར་བགྲོད"ཅེས་པ་བརྗོད་དོན་དུ་བྱས་ཏེ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་འཛུགས་སྐྲུན་དང་། མཚོ་སྔོན་གྱི"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"འོད་དྲོད་ཐོན་ལས་དེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་འབྱུང་བ་གནད་སར་བཟུང་ནས། མཉམ་དུ་ལག་རྩལ་གསར་གཏོད་ལ་སྐུལ་འདེད་དང་། མཉམ་དུ་ཐོན་ལས་ཐོལ་བརྒལ་ལ་གྲོས་བསྡུར། མཉམ་དུ་མཉམ་འབྲེལ་འཕེལ་རྒྱས་ལ་ཇུས་འགོད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཤིས་ཚིག་ཕུལ།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚབ་བྱས་ཏེ་གླེང་སྟེགས་སུ་ཞུགས་པའི་སྐུ་མགྲོན་ལ་དགའ་བསུ་དང་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་སའི་འཛུགས་སྐྲུན་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་བའི་འགན་འཁྲི་འགངས་ཆེན་ཡིན་ཞིང་། ནུས་ཁུངས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་ཐཱན་གཉིས་དམིགས་འབེན་གྱི་སྣེ་ཁྲིད་འོག ། མཚོ་སྔོན་དག་གཙང་ནུས་ཁུངས་དང་འོད་དྲོད་ཐོན་ལས་འཕེལ་རྒྱས་ལ་སྔར་མེད་ཀྱི་ལོ་རྒྱུས་གོ་སྐབས་བྱུང་། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བར་ཞུགས་པར། ང་ཚོས་ཁྱོན་ཡོངས་ནས་ཚོད་ལྟའི་ཁོར་ཡུག་དང་། དཔེ་སྟོན་རྣམ་གྲངས། འཁོར་སྐྱོད་གཞི་གྲངས་ཀྱི་སྒོ་ཕྱེ་ནས། རིགས་སྣ་ཚོགས་ཀྱི་གསར་གཏོད་གཙོ་གཞི་ལ་མ་རྩ་དམའ་བ་དང་། སྒྲིག་ཆས་ཆ་ཚང་། དངོས་འབེབས་ཐུབ་པའི་ལག་རྩལ་ཞིབ་བཤེར་སྟེགས་བུ་འདོན་སྤྲོད་བྱ་རྒྱུ་ཡིན། ལྷག་བསམ་རྣམ་དག་གིས་ཚང་མས་མཉམ་དུ་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་པར་གདན་ཞུ་བྱས་པ་ཡིན་ལ། འོད་དྲོད་ཀྱི་ཆོད་ཆེའི་དྲོད་བསྡུ་དང་། ཡུན་རིང་དྲོད་གསོག མ་ལག་གཅིག་གྲུབ། རིག་ནུས་སྙོམ་སྒྲིག་སོགས་སྙིང་བོའི་ཞན་ཆ་ལ་དམིགས་ནས་གཅིག་ཏུ་མཁྲེགས་གཏོར་བྱེད་པ་དང་། ཤུགས་བསྡུས་ནས་འོད་དྲོད་ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ང་ཚོས་ལག་རྩལ་དཔེ་མཚོན་དང་། ཁྲོམ་རའི་ལམ་ལུགས། ཐོན་ལས་མཉམ་སྒྲུབ་ཕྱོགས་སུ་ཤེད་ཤུགས་ཆེན་པོ་བཏོན་ཏེ། ཞིང་ཆེན་ཡོངས་ཀྱི་འོད་དྲོད་གློག་འདོན་བསྐྲུན་པ་དང་སྤྱོད་པའི་གཞི་ཁྱོན་ལ་ཐོལ་བརྒལ་གསར་མངོན་འགྱུར་འབྱུང་བར་སྐུལ་འདེད་གཏོང་རྒྱུ་ཡིན། ལྷག་བསམ་རྣམ་དག་གིས་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་གདན་ཞུ་བྱས་ནས་གཏིང་ཟབ་སྒོས་རླུང་འོད་ལྟེ་གནས་ཆེན་པོ་དང་། འོད་དྲོད་གློག་འདོན། རླུང་འོད་ཆིན་བཟོ། ཚྭ་ཞུ་གསོག་ནུས། སྒྲིག་ཆས་བཟོ་སྐྲུན། ལྗང་གློག་བཀོལ་སྤྱོད་སོགས་ཀྱི་ཐོན་ལས་འཆར་འགོད་འཐེན་པ་དང་། མཚོ་སྔོན་དང་ལག་གདང་སྦྲེལ་ནས་ཀྲུང་གོའི་འོད་དྲོད་ལྟེ་གནས་འཛུགས་སྐྲུན་བྱས་ཏེ། མཉམ་གཅིག་ཏུ་འོད་དྲོད་ཐོན་ལས་སྡེ་ཚོགས་སུ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་ནས། ཡོངས་སུ་ལྗང་གློག་གློག་ཁུངས་ཀྱི་ཚོད་ལྟའི་ལྟེ་གནས་བསྐྲུན་རྒྱུ་ཡིན། ང་ཚོས་ཁྱོན་ཡོངས་ནས་ནུས་ཁུངས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ལྗང་གློག་ཐད་མཐུད་དང་། གནས་ཐོག་བེད་སྤྱོད། ཞིང་ཆེན་བརྒལ་བའི་ཕྱིར་སྐྱེལ་ནུས་པ་སྔར་བས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། ལྷག་བསམ་རྣམ་དག་གིས་ཕྱོགས་སོ་སོ་གདན་ཞུ་ཞུས་ནས་ཧུར་ཐག་གིས་མཚོ་སྔོན་དག་གཙང་ནུས་ཁུངས་རྣམ་གྲངས་འཛུགས་སྐྲུན་དང་ལག་རྩལ་ཞིབ་འཇུག་གསར་གཏོད་ནང་ཞུགས་པ་དང་། རྒྱལ་ཡོངས་ཀྱི་ཐཱན་གཉིས་དམིགས་འབེན་དངོས་འབེབས་དང་། ནུས་ཁུངས་སྒྲིག་གཞི་སྤོ་སྒྱུར་ལ་གཏན་ཆགས་ཡིད་རྟོན་གྱི་དག་གཙང་ནུས་ཁུངས་འདེགས་སྐྱོར་འདོན་སྤྲོད་བྱས་ཏེ། མཉམ་གཅིག་ཏུ་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་བསྐྲུན་རྒྱུ་ཡིན།
ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ཚོགས་པའི་རྒྱུན་ལས་ལས་འཛིན་གཞོན་པ་དབྱང་ཁོན་དང་། ཀྲུང་གོ་ཀོང་ཧི་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཕང་སུང་ཐའོ། རྒྱལ་ཁབ་ནུས་ཁུངས་ཅུས་ནུས་ཁུངས་གསར་བ་དང་སླར་སྐྱེ་ནུས་ཁུངས་ཟིའི་ཟི་ཀྲང་ལི་ཁྲོའང་ཅོན་བཅས་ཀྱིས་སྔ་རྗེས་སུ་ཤིས་ཚིག་ཕུལ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧི་ཡཱ་ལེན་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ལན་གྲུ་སློབ་ཆེན་གྱི་སློབ་གཙོ་དབྱང་ཡུང་ཕེན། ཀྲུང་གོ་ཀོང་ཧི་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ལི་དབྱི་ལོན། རྒྱལ་ཁབ་ཉི་འོད་ནུས་པ་འོད་དྲོད་ཐོན་ལས་ལག་རྩལ་གསར་གཏོད་འཐབ་ཇུས་མནའ་འབྲེལ་གྱི་ལས་འཛིན་དཔོན་ཝང་ཀྲི་ཧྥིན། ཀྲེ་ཅང་ཁུ་ཧྲིན་ལག་རྩལ་མ་རྐང་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཅིན་ཅན་ཞང་། ཀྲུང་གོ་ཚན་རིག་གླིང་ཧྲང་ཧེ་དངོས་ལུགས་བཀོལ་སྤྱོད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཐང་ཀྲུང་ཧྥིན་བཅས་ཀྱིས་བརྗོད་གཞི་གཙོ་བོའི་གཏམ་བཤད་སྤེལ།
ཐེངས་འདིའི་གླེང་སྟེགས་སུ་ད་དུང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་སའི་འོད་དྲོད་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་སྒོ་བྱང་ཡོལ་རས་ཕྱེ་བའི་མཛད་སྒོ་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་རླུང་གློག་དང་འོད་རླབས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་གྲུབ་འབྲས་ཁྱབ་བསྒྲགས་བྱས། གླེང་སྟེགས་མགོ་རྩོམ་པའི་སྔོན་དུ། ཚོགས་ཞུགས་མགོ་ཁྲིད་སྐུ་མགྲོན་རྣམས་ཀྱིས་མཉམ་གཅིག་ཏུ་མཚོ་སྔོན་དག་གཙང་ནུས་ཁུངས་དང་འོད་དྲོད་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།
ཀྲང་ཅིན་ཀང་གིས་མགོ་འཛིན་བྱས་ཤིང་། ལིའུ་ཏ་ཡེ་ཚོགས་འདུར་ཞུགས། རྒྱལ་ཡོངས་ཚན་ཞིབ་གླིང་དང་། ནུས་ཁུངས་ཁེ་ལས། ལས་རིགས་མཐུན་ཚོགས་ཀྱི་འཐུས་ཚབ་པ་སོགས་མི200ལྷག་ཚོགས་འདུར་ཞུགས། །