མཐོན་པོ་རི་ནས་རྒྱལ་ཕམ་གཅོད། ཐིག་ལེ་ལྭ་བ་རྩོད་པའི་གནད་འགག་གཡུལ་འགྱེད་སླེབས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས17ཉིན། 2026ལོའི་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་ལྔ་བའི་འགྲན་རིམ་བདུན་པ་དེ་རྐང་ཚ་ནས་ནུབ་མཚོ་གྲོང་རྡལ་དུ་བསྐྱོད་རྒྱུ་ཡིན་ཞིང་། འགྲན་སྡུར་ལམ་ཐག་སྤྱི་ལེ130ཡོད། འགྲན་ཞུགས་པ་རྣམས་ཀྱིས་སྐབས་འདིའི་འགྲན་རིམ་གྱི་ཆེས་མཐོ་ས་སྟེ། མཚོ་འཕགས་སྟོང་བཞི་ཡོད་པའི་མཐོན་པོ་རི་ལ་དཔུང་འཇུག་བྱ་རྒྱུ་རེད།

ཚེས17ཉིན་གྱི་ཆུ་ཚོད11དང་སྐར30ཡི་སྟེང་། ལྕགས་རྟ་གཙོ་བོའི་ཚོགས་མཚོ་སྔོན་པོའི་བྱང་འགྲམ་བརྒྱུད་ནས་བསྐྱོད་པར་བྱེད་ཅིང་། འགྲན་རིམ་གྱི་གདོང་མཆོང་ས་ཚིགས་གསུམ་ནི། མགོ་རྩོམ་ས་ནས་བར་ཐག་སྤྱི་ལེ26.2ཡོད་པའི་དཔལ་དགེ་ཡུལ་ཚོ་དང་། བར་ཐག་སྤྱི་ལེ56.3ཡོད་པའི་མཚོ་ཆུང་། བར་ཐག་སྤྱི་ལེ67.4ཡོད་པའི་བྱེ་གླིང་བཅས་རེད། བར་ཐག་སྤྱི་ལེ95.1ཡོད་པའི་མཐོན་པོ་རིའིHCརིམ་པའི་ལ་འགོ་ས་ཚིགས་ནི་སྐབས་འདིའི་ཐིག་ལེ་ལྭ་བ་རྩོད་པའི་གནད་འགག་ས་ཚིགས་ཡིན་ཞིང་། HCརིམ་པའི་ལ་འགོ་ས་ཚིགས་ཀྱི་ཨང་དང་པོ་ཐོབ་མཁན་ལ་སྐར9ཡི་ལ་འགོ་བསགས་སྐར་ཐོབ་པ་རེད།

འགྲན་རིམ་བདུན་པའི་འགྲན་ལམ་ནི་མཚོ་སྔོན་པོ་བྱང་འགྲམ་གྱི་མཚོ་བསྐོར་ལམ་རྒྱུད་དུ་བསྲིངས་ཡོད་པ་དང་། འགྲན་སྡུར་འདི་འགྲན་རིམ་སྔོན་མ་དག་ལས་ལམ་ཐག་ཐུང་བས། སྔོན་གཅོད་བསགས་སྐར་རྩོད་མཁན་ཚོར་གོ་སྐབས་ངེས་ཅན་ཞིག་ཡོད་པ་རེད། མཐོན་པོ་རིའི་ངོས་སུ་ལ་མང་ཞིང་ཀྱག་ཀྱོག་ཆེ་ལ། བསྟུད་མར་ལམ་ཀྱོག་ལྡན་པ་དང་། འགྲན་རིམ་བར་མཚམས་སུ་སྐབས་འདིའི་ཆེས་མཐའ་མའིHCརིམ་པའི་ལ་འགོ་ས་ཚིགས་ཡོད་པས། ལ་འགོའི་བསགས་སྐར་ཕལ་ཆེར་སྔོན་ལ་གཏན་ཁེལ་བྱ་རྒྱུ་རེད།

མཐོན་པོ་རིའི་ཐུར་ལམ་ནི། བར་ཁྱད་ཆེ་ཞིང་ཀྱག་ཀྱོག་ཧ་ཅང་མང་བས། འགྲན་ཞུགས་པས་ལམ་ཐིག་གི་གནས་ཚུལ་ལ་དོ་སྣང་རྒྱ་ཆེར་བྱ་དགོས་ཤིང་། མཚོ་སྐོར་ལམ་ཐིག་ཏུ་མཐོང་ལམ་ཡོངས་སུ་ཕྱེ་བ་དང་བསྟུན་ནས། མཚོ་ངོས་ཀྱི་གཞོགས་རླུང་ཆེན་མོ་གཅོད་དགོས་ལ། བསྟུད་མརལམ་ཀྱོག་དང་། ལམ་དོག་པོ་བརྒྱུད་མཐར། མྱུར་ལམ་ཐུར་ཞུགས་སུ་ལྕགས་རྟ་འགྲེད་པའི་ཉེན་ཁ་ཆེ། སྤྱིའི་སྐར་འབྲས་འགྲན་ཞུགས་པ་མང་པོས་ཕལ་ཆེར་མྱུར་ཚད་ཇེ་དལ་དུ་གཏོང་སྲིད་ལ། ཐལ་ཆེའི་ཐུར་ཞུགས་ལ་བྱང་བའི་འགྲན་ཞུགས་ཉུང་ཤས་ཀྱིས་ཐུར་ལམ་ལ་བརྟེན་ནས་སྔོན་སྐྱོད་ཀྱི་ལེགས་འབྲས་ཇེ་ཆེར་བཏང་ནས། སྔོན་སྐྱོད་སྡེ་ཚོགས་འགྲུབ་རྒྱུ་རེད། མཐའ་སྣེའི་སྔོན་གྱི་སྤྱི་ལེ3དུ་ལ་ཐུར་མེད་པས། སྔོན་དཔག་ལྟར་ན་ཚད་ལྡན་གྱི་སྡེ་ཚོགས་གདོང་མཆོང་སྣང་ཚུལ་འབྱུང་སྲིད་པ་རེད།

མཐོན་པོ་རི་ནི་མཚོ་སྔོན་པོའི་བྱང་འགྲམ་གྱི་ཆེས་མཐོ་ས་ཡིན་ལ། རི་རྒྱུད་དེ་ཤར་ནུབ་ཏུ་སྤྱི་ལེ40ལྷག་ཡོད་ཅིང་། མདོ་ལ་རི་རྒྱུད་དུ་གཏོགས། བྱང་དུ་གསེར་དངུལ་རྩྭ་ཐང་དང་རྡུལ་ཕྲན་མཁར་ཡོད་ལ། ནུབ་ཏུ་མཚོ་སྔོན་པོའི་ལྗོངས་ཧྲིལ་བོར་གདོང་གཏད་ཡོད་ཅིང་། ཤར་དུ་བྱེ་མ་ལ་བདུན་དང་མཐུད་ཡོད་ལ། ནུབ་ཕྱོགས་སུ་མཚོ་སྙིང་ཡོད། འདི་ནི་མཚོ་སྐོར་ལམ་ཐིག་ལས་མཐོང་ལམ་ཡངས་པའི་གནས་གཅིག་པུ་ཡིན་ཞིང་། དུས་མཉམ་དུ་མཚོ་སྔོན་པོ་དང་། རྡུལ་ཕྲན་མཁར། གསེར་དངུལ་ཐང་། བྱེ་མ་ལ་བདུན་བཅས་ལ་ཐུར་ལྟ་བྱ་སའི་ལྗོངས་གཟིགས་རི་རྩེ་ཞིག་ཡིན་པ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།