2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་པ་མཐོ་བའི་ཚོགས་འདུ་སང་ཉིན་འཚོག་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་པ་མཐོ་བའི་ཚོགས་འདུ་སང་ཉིན་ཧྲང་ཧའེ་རུ་འཚོག་རྒྱུ་རེད། མིག་སྔར་གྲ་སྒྲིག་བྱ་བ་ཚང་མ་ལེགས་པར་གྲུབ་ཡོད།

སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ། ཐེན་ཆི་ཡུང་གིས་བཤད་རྒྱུར། ང་ད་ལྟ་འཛམ་གླིང་དངོས་མང་འགྲེམ་སྟོན་ཁང་དུ་ཡོད། སྔ་དྲོར་ཚོགས་ཆེན་གྱི་འགྲེམས་སྟོན་ཁག་གཅིག་བཀོད་སྒྲིག་བྱས་ཚར་ཡོད། འགྲེམས་སྟོན་ཁང་ནང་གི་སྐུད་ལམ་སྟོང་ལྷག་གི་AIཔར་མིག་གིས་གྲངས་འཛིན་མཚེ་མའི་ལས་སྟེགས་ལ་གཞོགས་འདེགས་བྱས་ནས་འགྲེམ་སྟོན་སྔོན་གྱི་ཆེས་མཐའ་མའི་སྐོར་ཞིབ་བྱེད་བཞིན་ཡོད།

ཐེངས་འདིའི་ཚོགས་ཆེན་ཐོག“རིག་ནུས་རོགས་ཟླས་མཉམ་དུ་འབྱུང་འགྱུར་གཏོད”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། “ས་ཁུལ་གསུམ་དང་འགྲེམས་ཁང་བཞིའི”འགྲེམས་གཉེར་བྱེད་སྟངས་ལག་བསྟར་བྱས་པ་དང་། འགྲེམས་ཞུགས་ཁེ་ལས1100ལྷག་དང་གོ་ལ་ཧྲིལ་པོའི་ཐོག་དང་པོར་བཏོན་པའི་ཐོན་རྫས་གསར་བ300ལྷག་འདུས་ཡོད། དུས་མཚུངས་སུ་གླེང་སྟེགས་དང་འབྲེལ་ཡོད་ཀྱི་བྱེད་སྒོ158བཀོད་སྒྲིག་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ཡོན་ཧྲི་དང་། ཆེད་མཁས་པ། ཁེ་ལས་ཀྱི་སྣེ་ཁྲིད་མི་སྣ1500ལྷག་ཚོགས་འདུར་ཞུགས་ཡོད་པས་སྐུ་མགྲོན་གྱི་དཔུང་སྡེ་སྐབས་རིམ་བྱུང་ལས་ཟིན་ཐོ་གསར་པ་བསྐྲུན་ཡོད།

འཇར་མན་གྱི་ཆེད་མཁས་མ་ཁེ་སི·སྨིར་ཧའོ་ཙེ་ཡིས་བཤད་རྒྱུར། འདི་ནི་ང་ཐེངས་དང་པོར་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་ལ་ཞུགས་པ་ཡིན། ངས་མི་ཐབས་རིག་ནུས་དེ་ཁྱབ་ཁོངས་མི་འདྲ་བ་ནས་བཀོལ་སྤྱོད་བྱེད་པར་རེ་སྒུག་བྱས་ཡོད།ཀྲུང་གོས་ལག་རྩལ་གསར་པར་བཟུང་བའི་དཀྱེལ་ཡངས་ཀྱི་རྣམ་འགྱུར་ལས་ངས་ཐེངས་འདིའི་ཚོགས་ཆེན་ལ་རེ་སྒུག་ཆེན་པོ་བྱས་ཡོད།

གསེར་ལྡན་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་། ཏིར་མ·ལུའོ་སའེ་ཧྥུའུ་ཡིས་བཤད་རྒྱུར། ཀྲུང་གོ་ནི་དངོས་སྒྲུབ་ཀྱི་ཚད་གཞི་བཟོ་མཁན་དང་། ནུས་པ་ལྡན་པའི་འཛུགས་སྐྲུན་པ། བློ་གཏད་ཆོག་པའི་མཉམ་ལས་ཀྱི་གྲོགས་པོ་བཅས་ཡིན། འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་འཚོགས་པ་དེས་ཀྱང་ཀྲུང་གོས་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་འགྲོ་ལམ་ཁྲོད་དྲང་གཞག་དང་། བསྟུན་མཁས། སྒོ་དབྱེ། སྒྲིག་སྲོལ་བཅས་ལ་བརྟེན་པའི་དམ་བཅའ་བརྟན་པོ་མཚོན་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།