ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྤྱི་བདེ་ཐིང་གི་ཅུའུ་ཀྲང་བཞུགས་མོལ་ཚོགས་འདུ་ཚེས14ཉིན་ནས15ཉིན་བར་ཅང་སུའུ་ནན་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ། སྤྱི་བདེ་པུའུ་ཀྲང་ཝང་ཞའོ་ཧུང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཕྱོད་ཆེ་བའི་བཅོས་སྐྱོང་སྐོར་གྱི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། "གཏན་འཁེལ་གཉིས"ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་དགོས་པ། "སྲུང་སྐྱོང་གཉིས"ལག་ལེན་མཐར་ཕྱིན་བྱེད་དགོས་པ། སྲིད་དོན་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་དགོས་པ། ཆེད་དོན་བཅོས་སྒྲིག་དང་མ་ལག་ལྡན་པའི་བཅོས་སྒྲིག ཁྲིམས་ལྟར་བཅོས་སྒྲིག ཕྱོགས་བསྡུས་བཅོས་སྒྲིག འབྱུང་ཁུངས་བཅོས་སྒྲིག་བཅས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྨང་གཞིའི་རྒྱུ་རྐྱེན་ལ་དམིགས་ནས། སྔོན་འགོག་ཞིབ་ཚགས་དང་དོ་དམ་ཞིབ་ཚགས། རྡུང་རྡེག་གནད་ཁེལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ཆུ་ཚད་མཐོ་བའི་བདེ་འཇགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པར་སྐུལ་འདེད་གཏོང་དགོས།
ཝང་ཞའོ་ཧུང་གིས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་ཕན་ནུས་ཆེ་བའི་བཅོས་སྐྱོང་ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་ཡང་དག་པའི་ཕྱོགས་སུ་བསྐྱོད་པར་འགན་ལེན་བྱེད་དགོས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། བྱ་ཐབས་ནུས་ལྡན་སྔར་ལས་མང་པོ་སྤྱད་དེ་དམངས་ཀྱི་བདེ་འཇགས་སྲུང་བ་དང་། དམངས་ཕན་སྲུང་སྐྱོབ། དམངས་འཚོ་ལ་ཕན་པ་སྐྲུན་པ། སེམས་ཤུགས་འཕེལ་བར་བྱེད་པ། དཀའ་ངལ་སེལ་བ་བཅས་བྱ་དགོས། མ་ལག་ལྡན་པའི་ཐབས་ཇུས་ལག་བསྟར་བྱེད་པ་སྟེ། རང་འགུལ་ངང་ཉེན་དོན་སྔོན་འགོག་ལས་དོན་སྤེལ་བ་དང་། མ་ལག་འཆར་འགོད། མཉམ་ལས་གཞོགས་འདེགས། ཕྱོགས་བསྡུས་ཁ་གཏད་གཅོག་པ་བཅས་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། བཅོས་སྐྱོང་གི་ནུས་པ་ཆེ་ཤོས་དང་ཕན་འབྲས་ཡག་ཤོས་ཐོབ་པར་བྱེད་དགོས། གསར་གཏོད་སྒུལ་ཤུགས་རྒྱུན་འཁྱོངས་བྱས་ཏེ་སྤྱི་བདེ་ལས་ཁུངས་ཀྱི་དམག་འཐབ་ནུས་ཤུགས་གསར་པ་མཐོར་འདེགས་ལས་གཞི་སྤེལ་ནས་གྲངས་འཛིན་ཅན་གྱི་བཅོས་སྐྱོང་བྱེད་ནུས་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། རྨང་གཞི་བརྟན་པོ་འཛུགས་པ་ལྟེ་བར་འཛིན་པ་དང་། གཞི་རིམ་དུ་བསྐྱོད་པ་དང་ཉེན་རྟོག་པ་གཤམ་སྐྱོད་བྱེད་པ། འགན་སྲུང་གཞི་རིམ་ལ་ཕྱོགས་པ་བཅས་བརྒྱུད་དེ། གཞི་རིམ་གྱི“སྣེ་མཇུག”དེ་ཉིད་བཅོས་སྐྱོང་གི“མདུན་སྲུང”དུ་འགྱུར་བར་བྱེད་དགོས། ཞིབ་ཚགས་ཏན་ཏིག་ངང་ལས་ཀ་སྒྲུབ་པ་དང་། གནད་དོན་ངོས་འཛིན་གནད་འཁེལ་བྱུང་རྗེས་ས་གནས་ཀྱི་གནས་ཚུལ་ལྟར་སྲིད་ཇུས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན། །