ཟླ7པའི་ཚེས15ཉིན། 2026ལོའི་རྒྱལ་ཡོངས་ཀྱི་རིག་གནས་ཚན་རྩལ་འཕྲོད་བསྟེན“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་སྤེལ། ཐེངས་འདིའི་བྱེད་སྒོ་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཀྲུང་གུང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་པ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀུའོ་ཡན་ཧུང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁྲེང་ཅི་ཝེ་བྱེད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
བྱེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་ལ་དམ་པོར་དམིགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ལེགས་རིག་གནས་ཚན་རྩལ་འཕྲོད་བསྟེན་ཐོན་ཁུངས་སྔར་ལས་མང་བ་རོང་འབྲོག་ཁུལ་གྱི་ལས་ཡུལ་དང་པོར་ཐད་ཀར་སྐྱོད་རྒྱུར་སྐུལ་འདེད་བཏང་ནས། བྱེད་སྒོ་དེ་མཚོ་སྔོན་གྱི་རོང་འབྲོག་ཁུལ་གྱི་དོན་དངོས་དང་སྔར་ལས་ཉེ་བཅར་ཐུབ་པ་དང་། རོང་འབྲོག་མང་ཚོགས་ཀྱི་རེ་སྒུག་སྔར་ལས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་བྱས་ཏེ་གཞི་རིམ་ལ་དངོས་ཕན་དངོས་འབྲེལ་ཐོབ་པ་བྱེད་དགོས།
བྱེད་སྒོའི་ཡུལ་དངོས་སུ། “རིག་རྩལ་གྱིས་མཛེས་པའི་གྲོང་གསེབ་བསྐྲུན་པ་དང་། ཚན་རྩལ་གྱིས་གྲོང་གསེབ་ལ་ནུས་པ་སྩོལ་བ། བདེ་ཐང་གིས་དར་སྤེལ་རོགས་འདེགས་བྱེད་པ”བརྗོད་དོན་གཙོ་བོ་ཡིན་པར་དམིགས་ཏེ། དྲིལ་སྒྲོག་དང་རིག་གནས་ཡུལ་སྐོར། ཚན་རྩལ། འཕྲོད་བསྟེན་བདེ་ཐང་། སློབ་གསོ་སོགས་སྡེ་ཁག་བཅུ་དྲུག་གི་ཆེད་མཁས་པ་དང་ལས་བྱེད་མི་སྣ་ཡོད་པ་དང་། ས་གནས་ཀྱི་རོང་འབྲོག་མང་ཚོགས་ལ་ཚན་རྩལ་དྲིལ་བསྒྲགས་དང་བཅའ་ཁྲིམས་བློ་འདྲི། སྨན་བཅོས་སོགས་ཞབས་ཞུ་འདོན་སྤྲོད་བྱས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ཞིང་ཆེན་ཐད་གཏོགས་ལས་ཁུངས15ཡིས་རྫ་སྟོད་རྫོང་དང་ཡུས་ཧྲུའུ་གྲོང་ཁྱེར་སོ་སོར་དངོས་ཟོག་བྱིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་། ཞིང་ཆེན་ཚན་རྩལ་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཡུས་ཧྲུའུ་གྲོང་ཁྱེར་གྱི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་ཡན་ལག་རུ་ཆུང་ལ་རུ་དར་བྱིན་པ་དང་། གོ་རིམ་རྗེས་མར། ཡན་ལག་རུ་ཆུང་ད་དུང་མུ་མཐུད་གཞི་རིམ་དུ་བསྐྱོད་དེ། གཞི་རིམ་དུ་རྐང་བཙུགས་ནས་ཏང་གི་དམངས་ཕན་སྲིད་ཇུས་དང་། རིག་གནས། ཚན་རྩལ། འཕྲོད་བསྟེན་བཅས་ཀྱི་ཤེས་བྱ་མང་ཚོགས་ཀྱི་སྒོ་ཁར་སྐྱེལ་རྒྱུ་རེད།
རང་ཞིང་ཆེན་གིས་ཐེངས་འདིའི“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་འགོ་རྩོམ་ས་གསར་པར་བྱས་ཏེ། “གཞི་རིམ་དུ་བསྐྱོད་པ་གསུམ”དེ“རྒྱུན་དུ་གཞི་རིམ་དུ་བསྐྱོད་པ་དང་། རྒྱུན་དུ་གཞི་རིམ་དུ་སྡོད་པ། རྒྱུན་དུ་གཞི་རིམ་ལ་ཕན་པ”བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རིག་གནས་ལ་བརྟེན་ནས་མི་སེམས་གོང་བུར་འགྲིལ་བ་དང་། ཚན་རྩལ་ལ་བརྟེན་ནས་འཕེལ་རྒྱས་གཏོང་ཐུབ་པ། བདེ་ཐང་ལ་བརྟེན་ནས་དམངས་འཚོ་སྲུང་སྐྱོང་བཅས་བྱས་ཏེ། དམངས་ཕན་ཞབས་ཞུ་དང་བརྩེ་སེམས་ཐུགས་ཁུར་གཞི་རིམ་མང་ཚོགས་ཀྱི་ཉེ་སར་བཅར་དུ་འཇུག་དགོས།