
ཟླ7པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས2026ལོའི་དཔྱིད་དུས་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་འགོ་གཙོ་ཚའེ་ཆི་མཐར་ཕྱིན་མཛད་སྒོར་ཞུགས་པ་མ་ཟད་སློབ་མ་ཚོར་མཐར་ཕྱིན་དཔང་ཡིག་གནང་།
ཟླ7པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས2026ལོའི་དཔྱིད་དུས་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་འགོ་གཙོ་ཚའེ་ཆི་མཐར་ཕྱིན་མཛད་སྒོར་ཞུགས་པ་མ་ཟད་སློབ་མ་ཚོར་མཐར་ཕྱིན་དཔང་ཡིག་གནང་།
སློབ་སྐབས་འདིར་ཀྲུང་དབྱང་ཏང་གི་སློབ་གྲྭའི་མཐར་ཕྱིན་སློབ་མ་མི1940ཡོད། མཐར་ཕྱིན་མཛད་སྒོའི་ཐོག སློབ་མའི་འཐུས་ཚབ8ཀྱིས་གཏམ་བཤད། ཚང་མས་མགྲིན་གཅིག་ཏུ། སློབ་སྐབས་འདིའི་སློབ་སྦྱོང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བའི་འཁྲུངས་སྐར་ལ་ཁེལ་བར་ཤིན་ཏུ་དགའ་པོ་བྱུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དཔྱིས་ཕྱིན་དང་གོ་བ་གཏིང་ཟབ་བླངས་པ་བརྒྱུད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཅིག་བསྡུས་ཀྱིས་སློབ་སྦྱོང་བྱས་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཡག་པོ་བླངས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཏང་གི་གཞུང་ལུགས་སློབ་གསོ་དང་། ཏང་གཤིས་སློབ་གསོ། འགན་བསྟར་ནུས་པའི་གསོ་སྦྱོང་བཅས་རྒྱུད་རིམ་ལྡན་པའི་སྒོ་ནས་དང་ལེན་བྱས་ཏེ། བློ་རྩ་བརྟན་པོས་གཏན་ཕབལ་གཉིས་ལ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་པའི་ཚད་མཐོའི་རང་རྟོགས་སྔར་ལས་ཇེ་མཐོར་བཏང་། གཞུང་ལུགས་ཀྱི་བྱང་ཚད་སྔར་ལས་ཇེ་ཆེ་དང་། ཏང་གཤིས་བློ་སྦྱོང་སྔར་ལས་ཇེ་བཟང་། དེང་རབས་ཅན་གྱི་འཛུགས་སྐྲུན་ནུས་པ་སྔར་ལས་ཇེ་ཆེར་བཏང་ཡོད། ཚང་མས་ད་རུང་ལས་གནས་སུ་ལོག་རྗེས། ཏང་གི་གསར་གཏོད་གཞུང་ལུགས་བེད་སྤྱོད་བྱེད་རྒྱུར་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། ཡིད་ཆེས་བརྟན་པོ་བཅངས་པ་དང་རྒྱུན་མཐུད་འབད་འཐབ་བྱས་ནས། མུ་མཐུད་དུ་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་བསྐྲུན་རྒྱུ་ཡིན་ཚུལ་བསྟན།