ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལས་བྱེད་པ་དང་ལས་བཟོ་བའི་སེམས་ཁང་བདེ་ཐང་ཤེས་བྱའི་ཆེད་དོན་འཆད་ཁྲིད་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས8ཉིན་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལས་བྱེད་པ་དང་ལས་བཟོ་པའི་སེམས་ཁམས་བདེ་ཐང་ཤེས་བྱའི་ཆེད་དོན་འཆད་ཁྲིད་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ཟུར་པ་དང་དགེ་རྒན་ཆེན་མོ་ལི་ཀོང་པིན་གདན་དྲངས་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ270ལྷག་ཙམ་ལ་ཆེད་དོན་ཟུར་ཁྲིད་བྱས། ཐེངས་འདིའི་འཆད་ཁྲིད་ཀྱི་དམིགས་ཡུལ་ནི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་པས་ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཀའི་གནོན་ཤུགས་ལ་ཁ་གཏད་གཅོག་པ་དང་།རང་འགུལ་གྱིས་སེམས་ཁམས་སྙོམས་སྒྲིག་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། ཧུར་བརྩོན་ཡར་ཐོན་གྱི་བསམ་བློའི་འཁྱེར་སོ་གསོ་སྐྱོང་བྱེད་པ། རྒྱུན་མཐུད་ངང་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བ་བཅས་བྱས་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སེམས་ནུས་སྔར་ལས་ཆེ་བ་འདོན་ཆེད་ཡིན།

འཆད་ཁྲིད་ཀྱི་ནང་དོན་ནི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལས་བྱེད་ལས་བཟོའི་སེམས་ཁམས་བདེ་ཐང་གི་གནས་ཚུལ་དང་ཚད་གཞི། ལས་བྱེད་ལས་བཟོའི་སེམས་ཁམས་ནད་གཞིའི་རིགས་དང་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན། སེམས་ཁམས་བཟང་པོ་གསོ་སྐྱོང་དང་གནོན་ཤུགས་སྙོམས་སྒྲིག་སོགས་ཀྱི་ཐད་ནས་གཏིང་ཟབ་ཅིང་རྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་ཡོད། འཆད་ཁྲིད་གཏིང་ཟབ་ཅིང་གོ་བདེ་བ་དང་གསོན་ཉམས་དོད་པ། མཛུབ་ཁྲིད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་པས།རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་རང་ངོས་ཀྱི་སེམས་ཁམས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། སེམས་ཁམས་ཀྱི་གནོན་ཤུགས་ནུས་ལྡན་ངང་སེལ་བ། སེམས་ཁམས་བཟང་པོས་ལས་ཀའི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དང་དཀའ་ངལ་ལ་ཁ་གཏད་གཅོག་པ་བཅས་ལ་ཕན་ཐོགས་ཡོད།

འཆད་ཁྲིད་ལ་ཞུགས་པའི་ལས་བྱེད་མི་སྣ་དང་ལས་བཟོ་བ་རྣམས་ཀྱིས་ཐེངས་འདིའི་ཆེད་དོན་འཆད་ཁྲིད་ལ་དམིགས་གཏད་རང་བཞིན་ཡོད་པ་དང་ཕན་འབྲས་ཆེན་པོ་ལྡན་པས། དེ་ནི་སེམས་ཁམས་བདེ་ཐང་ཤེས་བྱའི་ཆེད་དོན་ཟུར་ཁྲིད་མ་ལག་ཅིག་ཡིན་པར་མ་ཟད། ལག་ལེན་མཛུབ་སྟོན་སློབ་ཁྲིད་གསོན་ཉམས་ལྡན་པ་ཞིག་ཀྱང་རེད། སློབ་སྦྱོང་བྱས་པ་བརྒྱུད་ལས་གནས་ཀྱི་གནོན་ཤུགས་ནུས་ལྡན་སྒོས་སེལ་ཐུབ་པ་དང་སེམས་ཁམས་ངན་པ་སེལ་ཐུབ་པ། ལས་བྱེད་མི་སྣ་ཡོངས་ཀྱི་སེམས་ཁམས་བདེ་ཐང་གི་འགོག་སྲུང་སྔར་ལས་ཇེ་བརྟན་དུ་བཏང་ཡོད་ཟེར།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།