ཀྲུང་གུང་མཚོ་སྔོན་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་གི་སློབ་གྲྭའི་སྒོ་བྱང་དངོས་སུ་བཀལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས7ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷང་ཁང་གི་ཏང་གི་སློབ་གྲྭའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ། མཚོ་སྔོན་དངོས་རྫས་མཚོ་སྔོན་རྒྱུ་ནོར་སློབ་གླིང་ཚད་ཡོད་ཀུང་སིའི་མཁའ་དབྱིངས་གསོ་སྦྱོང་ཞབས་ཞུ་ལྟེ་གནས་ནས་སྤེལ། དེ་ནི་ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་ཁོངས་གཏོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་རྨང་གཞི་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་མ་ལག་གི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སྤོས་པ་སྒོ་ཀུན་ནས་མཚོན་ཐུབ།

སྒོ་བྱང་འགེལ་བའི་མཛད་སྒོའི་སྟེང་། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་དངོས་རྫས་ཐོན་སྐྱེད་སྡེ་ཚོགས་པས་ཕན་ཚུན་བར《ཏང་སློབ་གྲྭའི་གསོ་སྦྱོང་རྟེན་གཞི་གཙོ་བོ་མཉམ་སྐྲུན་གྱི་གྲོས་མཐུན》བཞག་པ་དང་འབྲེལ་ཏེ། ལྟ་སྐུལ་དོ་དམ་ཁེ་ལས་ཀྱི་འཐུས་མི་དང《ཏང་སློབ་གྲྭའི་སློབ་ཁྲིད་གསོ་སྦྱོང་ཐོན་ཁུངས་མཉམ་སྤྱོད་མཉམ་སྐྲུན་གྱི་གྲོས་མཐུན》བཞག་པ་དེའི་ཐོག་ནས། གསོ་སྦྱོང་རྟེན་གཞི་གཙོ་བོ་ལྟེ་བར་བྱེད་པ་དང་གནས་མང་སློབ་གསོའི་རྟེན་གཞིས་འདེགས་སྐྱོར་བྱེད་པའི། གཞི་གཅིག་ཅན་གྱི་སློབ་གཉེར་རྣམ་པའི་ཕྱོགས་སུ་ངོ་བོའི་རང་བཞིན་གྱིས་གོམ་སྟབས་ཤིག་སྤོས་པ་མཚོན་ཡོད།

ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་གི་སློབ་གྲྭ་བཙུགས་པ་ནི། དུས་རབས་གསར་པའི་ཏང་འཛུགས་ཀྱི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། རྒྱལ་དབང་ཁེ་ལས་ཀྱི་རུས་མིང་སྟེ་ཏང་གི་རྩ་བའི་ངོ་བོ་བརྟན་སྲུང་བྱེད་པ། རྒྱལ་དབང་ཁེ་ལས་ཀྱི“རྩ་བ”དང“བླ་སྲོག”རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་དགོས་ངེས་བླང་བྱ་ཞིག་ཡིན་ལ། ཏང་ཡོན་ལས་བྱེད་པའི་ཏང་གཤིས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱང་ཚད་མཐོ་བའི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱེད་པ། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་གི་སློབ་གྲྭས། མཚོ་སྔོན་གྱི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་དོན་དངོས་ནས་རྐང་བཙུགས་ཏེ། ཏང་གི་སློབ་གྲྭའི་རུས་མིང་ཏང་ཡིན་པའི་རྩ་བའི་རྩ་དོན་ཁོང་དུ་ཆུད་པར་བྱེད་པ་དང་། “རིགས་པའི་གཞུང་ལུགས་སློབ་གསོ་ནི་རྩ་བ་དང་། ཏང་གཤིས་སློབ་གསོ་ནི་སྲོག་ཤིང་། ནུས་པ་ཆེ་རུ་གཏོང་རྒྱུ་ནི་གཙོ་གནད་ཡིན་པ”བཅས་ཀྱི་སློབ་གཉེར་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སློབ་གྲྭ་དེ་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་གཤིས་རྒྱུད་སྦྱོང་བརྡར་བྱེད་པའི“བཞུ་ཐབ་ཆེན་པོ”དང་། འགན་འཁྲི་སྒྲུབ་པའི་ནུས་པ་ཇེ་མཐོར་གཏོང་བའི“སྣུམ་སྣོན་ས་ཚིགས”། བཅོས་སྒྱུར་འཕེལ་རྒྱས་ཇུས་ཆོད་ལ་ཞབས་འདེགས་ཞུ་བའི“ཤེས་རབ་ཆེན་པོ”བཅས་སུ་འགྱུར་བར་འབད་རྒྱུ་རེད། དུས་མཚུངས་སུ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དེང་རབས་ཁེ་ལས་བཅོས་སྐྱོང་དང་ཉེན་ཁ་སྔོན་འགོག་ཚོད་འཛིན། གཞི་གྲངས་ཅན་གྱི་ཚུལ་སྒྱུར་སོགས་དངོས་འཐབ་ཞིབ་འཇུག་བྱ་གཞིར་དམིགས་ཏེ། གནད་འཁེལ་ཅན་དང་དངོས་འཐབ་ཅན་གྱི་གསོ་སྦྱོང་བྱས་ནས། ཏང་གཤིས་སྦྱོང་བརྡར་དང་ལས་སྒོ་མཐོར་འདེགས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་ཐུབ་པར་འབད་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།