གནད་དོན་ལ་གདོང་གཏད་དེ་དག་ཐེར་བྱས་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དོན་འཁྱོལ་བྱུང་བར་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཧི་པེ་ཞིན་ཐའེ་དང་ཧུའུ་པེ་ཝུའུ་ཧན་བཅས་ཀྱིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས། སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་དང་ཤེས་སྦྱོར་གཅིག་གྱུར་བྱས་ཏེ། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་དོན་དམ་པས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། དམངས་འཚོ་ལ་ཕན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་བཟང་པོར་བསྒྱུར།

ཧི་པེ་ཞིང་ཆེན་ཞིན་ཐའེ་གྲོང་ཁྱེར་གྱིས་སྒོ་འབྱེད་སློབ་གསོ་མཐའ་འཁྱོངས་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་སྒོས་སྤེལ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཁྲོམ་རའི་བྱེད་པོ་དང་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་གང་ཐུབ་བྱས།

ཞིན་ཐའེ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ལས་སྒྲུབ་སྒེའུ་ཁུང་གཅིག་ཏུ་དང་ལེན་བྱེད་པ་དང་། མཉམ་འབྲེལ་ཞིབ་མཆན་འགོད་པ། བརྒྱུད་རིམ་ཧྲིལ་བོར་ཚབ་སྒྲུབ་ཆོག་པ། དུས་བཀག་ནང་སྒྲུབ་ཐག་ཆོད་པའི་ཞབས་ཞུའི་རྣམ་པ་ཁྱབ་གདལ་བཏང་སྟེ། ཞིབ་མཆན་འགོད་པའི་རིམ་པ30%ཡན་གྱི་དུས་ཚོད་ཇེ་ཐུང་དུ་བཏང་། དེར་མ་ཟད་ཁེ་ལས་ཀྱི་འཛུགས་སྐྲུན་དང་ཞིབ་འཇུག་གསར་སྤེལ། ཐོན་སྐྱེད་སོགས་ཀྱི་རིམ་པ་ལ་དམིགས་ནས་ལས་སྒྲུབ་ཆེད་དོན་ཚན་ཆུང་བཙུགས་ཏེ། གཅིག་གཏད་གཅིག་གིས་བརྒྱུད་རིམ་ཧྲིལ་བོར་རོགས་སྐྱོར་བྱས་ནས། ཁེ་ལས་ཀྱི་དགོས་མཁོ་དུས་ཐོག་ཏུ་ཤེས་རྟོགས་བྱས།

སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཞིན་ཐའེ་གྲོང་ཁྱེར་གྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་གིས་ཁོར་ཡུག་དག་ཐེར་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། བསྡོམས་པས་གནད་དོན3406འཚོལ་བཤེར་བྱས། འཕྲལ་དུ་དག་ཐེར་དང་ཡུན་རིང་གོ་ཆོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མིག་སྔར། ཞིན་ཐའེ་ཡིས་འཚོལ་བཤེར་དང་། དག་ཐེར། མེད་པར་བཟོ་བ། སྲ་བརྟན་དུ་གཏོང་བའི་བྱ་བའི་རྐྱེན་སྲོལ་བཙུགས་ནས། འཕེལ་རྒྱས་ཀྱི་འགག་གནད་དང་དམངས་འཚོའི་དཀའ་གནད་དང་དམ་པོར་འབྲེལ་ཏེ། གནད་དོན་རིགས་སྣ་ཚོགས་ལ་རིགས་དབྱེ་ཇུས་བསྟར་དང་རེ་རེ་བཞིན་གཙང་བཤེར་བྱས།

སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཧུའུ་པེ་ཝུའུ་ཧན་གྱིས་སྡོད་དམངས་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱི་ཞུ་གཏུག་དང་ལེན་བྱས་རྗེས་འཕྲལ་དུ་སྒྲུབ་པ་དང་། གཏུག་བཤེར་མ་བྱས་གོང་སྔོན་དཔག་བྱས་ནས་སྒྲུབ་པའི་རྐྱེན་སྲོལ་མུ་མཐུད་འཐུས་ཚང་དུ་བཏང་བ་དང་། གཞི་གྲངས་ཆེན་མོ་བརྒྱུད་མང་ཚོགས་ཀྱི་རྒྱུན་ལྡན་ཞུ་གཏུག་ཁྲོད་ཀྱི་བྱུང་ཐེངས་མང་བའི་དམངས་འཚོའི་གནད་དོན་གསེད་བཀྲོལ་ལེགས་སྒྲིག་བྱས་ནས། སྔོན་ཆད་ཞུ་གཏུག་རྐྱང་པ་དང་གནད་དོན་རྐྱང་པ་ཐག་གཅོད་བྱེད་པ་ལས། སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ནས་མཉམ་དུ་གནད་དོན་རིགས་གཅིག་བཅོས་སྐྱོང་བྱེད་པར་འཕེལ་རྒྱས་ཕྱིན་ནས། མང་ཚོགས་ཀྱི་རེ་ཞུ་ཐག་གཅོད་བྱེད་པའི་སྤུས་ཚད་དང་ཕན་འབྲས་ནུས་ལྡན་ངང་ཆེ་རུ་བཏང་།

ཝུའུ་ཧན་གྲོང་ཁྱེར་ཅང་ཨན་ཆུས་ཧྲན་ཧའེ་ཀོན་ལམ་ནི་ས་གནས་ཀྱི་མིང་གྲགས་ཆེ་བའི་ཞོགས་ཟས་ཞིམ་ཟས་ཁྲོམ་གཞུང་ཞིག་ཡིན། ཡུལ་སྐོར་བ་མང་པོ་ཞིག་མིང་གྲགས་ཀྱིས་བཀུག་ནས་ཡོང་བཞིན་ཡོད། འོན་ཀྱང་མི་དང་རླངས་འཁོར་བསྲེས་ནས་འགྲོ་བ་དང་། ཚོང་ཁང་སྒོ་ཁ་རུ་ཚོང་གཉེར་བྱེད་པ། ཁོར་ཡུག་བཙོག་ཟིང་ཆེ་བ་སོགས་ཀྱི་གནད་དོན་ཡང་དེར་བསྟུན་གྱིས་བྱུང་བས། ས་གནས་སྡོད་དམངས་ཀྱི་འཚོ་བ་དང་ཡུལ་སྐོར་བའི་ཉམས་ལེན་ལ་ཤུགས་རྐྱེན་ངན་པ་བཟོས། གནས་ཚུལ་འདིར་དམིགས་ཏེ། འབྲེལ་ཡོད་སྡེ་ཁག་གིས་ཧྲན་ཧའེ་ཀོན་ལམ་དང་དེའི་མཐའ་འཁོར་དུ་སྒྱུར་བཀོད་ཆུང་བ་བྱས་ཏེ། ཟུར་འཇོག་སྒྲོམ་སྐྱོར་མང་དུ་བཏང་བ་དང་། རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་བཏང་བ་དང་། འགྲོ་ལམ་ཁག་ཅིག་ལ་འགྲིམ་འགྲུལ་དོ་དམ་བྱེད་ཐབས་ལག་བསྟར་བྱས།

མིག་སྔར། ཝུའུ་ཧན་གྲོང་ཁྱེར་གྱིས་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་སློབ་གསོའི་གནད་དོན་འཚོལ་བཤེར་གསལ་ཐོ1765བཟོས་པ་དང་། གནད་དོན་ཆིག་ཁྲི་ཆིག་སྟོང་ཉིས་བརྒྱ་ལྷག་འཚོལ་བཤེར་བྱས་ནས། ད་ལྟ་རེ་རེ་བཞིན་དག་ཐེར་དང་མེད་པར་བཟོ་བཞིན་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།