དབྱར་དུས་ཀྱི་ཁྲ་ཨར་ཧན་ཚྭ་མཚོའི་མཛེས་ལྗོངས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དབྱར་དུས་སུ་མཚོ་སྔོན་ཞིང་ཆེན་གྱི་ཚྭ་འདམ་གཤོང་སའི་ཁྲ་ཨར་ཧན་ཚྭ་མཚོ་རུ་ཡུལ་ལྗོངས་ཤིན་ཏུ་མཛེས་པས། རྨི་ལམ་གྱི་ཞིང་ཁམས་དང་ཀུན་ནས་མཚུངས། ཁྲ་ཨར་ཧན་ཚྭ་མཚོ་ནི་ཀྲུང་གོའི་ཚྭ་མཚོ་ཆེས་ཆེན་པོ་ཡིན་པ་དང་། ཀྲུང་གོའི་ཅཱ་ལུད་ཐོན་སྐྱེད་རྟེན་གཞི་གལ་ཆེན་དང་ཚྭ་མཚོའི་ཐོན་ལས་རྟེན་གཞི་གལ་ཆེན་ཡང་ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5856ཡོད་པ་དང་། རིགས་སོ་སོའི་ཚྭ་ཡི་ཐོན་ཁུངས་ཀྱི་བསྡོམས་འབོར་ཏུན་དུང་ཕྱུར600ལ་སླེབས་ཡོད།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།